ཁོ་མོའི་འཛུམ་དང་ངའི་སྙན་ངག
ས་ནག་ནང་གི་ཁ་བ་ནི
ཁྱོད་ཀྱི་མཛེས་སྡུག་གི་འཛུམ་ཆུང་དེ་ཡིན
ཟླ་བ་མཚོ་ངོགས་ལ་ནུབ་པའི་དུས་སུ
བདག་གི་བརླ་རྐང་རེ་རེ
ཚིགས་རོར་གྱུར་པའི་རྣམ་ཤེས
ངའི་སྙན་ངག་གི་རྣ་ལུང་ཡིན
རྩྭ་འདམ་སྟེང་གི་བྱེའུ་དེ་འཕུར་དུས
དཀར་ཡོལ་ནང་གི་མིག་ཆུ
སེམས་ཁྲལ་ནང་གི་བེམ་པོ
རོ་སྒམ་ནང་དུ་བཅུག་སྟེ
ཁྱོད་ཀྱི་འདས་མཆོད་ལ་སྒུག་ཆོག
གཤོག་པ་ལ་ཆད་ལྷག་ཤོར་དུས
ལུས་པོ་ས་འོག་ཏུ་འཛུལ
ལྭ་བ་བརྗེ་མ་མྱོང་བའི་ད་ལོ
ཐེ་ཚོམ་མེད་པར་མུན་པ་ལ་དུངས
རང་གི་རོ་ལ་དྲི་བ་འདི་འདོན་དུས
ས་གཞི་ལྟ་བུའི་བུ་མོ་ཁྱོད
བདག་གི་ནམ་མཁར་དཔྱངས་ཏེ
ཚེ་ནོམ་བྱེད་འདོད
2009/8/22ཉིན་གྲུབ།
རྩོམ་ཁུངས། ངེད་དྲ་བ།