ཚོར་བ་ཉམས་པ།

དུས་ཀྱི་གཙང་བོ   ཉིན་རྒྱུག་མཚན་རྒྱུག  

ལས་ཀྱི་རླུང་ནག   ཕུ་གཡུག་མདོ་གཡུག  

 

ཡི་གེའི་ཕག་ནད    ཚིག་གི་ཁྱི་རོ

རྩོམ་པོའི་ཁ་ཆུ   ཀློག་པོའི་དྲི་ཆུ

དེབ་ཀྱི་ལུད་པ   དཔྱད་པའི་སྐྱུག་པ

ཐ་སྙད་ཀྱི་བྱི་ཡམས    ཚིག་སྦྱོར་གྱི་གློ་ཚད

བསམ་བློ་ཡི་ས་སི     སྙན་ངག་གི་ཨེ་ཙི

ལོ་རྒྱུས་ཀྱི་ཀླ་ཀློ   སྤྱི་ཚོགས་ཀྱི་སྤྱང་རྒན

ཆབ་སྲིད་ཀྱི་ཁྱི་མོ   རིག་གཞུང་གི་རུལ་མ

ཡུལ་ཁམས་ཀྱི་ཡིག་རྨོངས   གསར་གཏོད་ཀྱི་སྲོ་མ

མི་རབས་ཀྱི་མེད་པོ 

 

མིག་ཤེལ་གྱིས་བཏུམས་པའི་ལྐོག་མདའ་ལས

ཤོག་དཀར་གྱིས་གབ་པའི་རལ་གྲི་ལས

དཔྱིད་ཐན་དང་དབྱར་ཙད

སྟོན་རླུང་དང་དགུན་འཁྱག་ལས

ཤི་བ་གྲངས་མེད   སྐྱེ་བ་གྲངས་མེད

ཐོབ་པ་གྲངས་མེད  ཤོར་བ་གྲངས་མེད

ཉིན་མཚན་གྲངས་མེད་སྐར་ཆ་དེ་ལས་ཀྱང

བཟོད་པ་གྲངས་མེད་འུ་ཐུག་དེ་ལས་ཀྱང

 

མདའ་དྲི་མདུང་དྲི་འཐུལ་བའི་མེ་ཏོག་རྭ་བ

གསེར་འོད་དངུལ་འོད་འཕྲོ་བའི་གྲོང་ཁྱེར་གདུག་ཅན

ལོང་བའི་མིག་ལ་རན་པའི་ཡུལ་ལྗོངས

འོན་པའི་རྣ་ལ་འཕྲོད་པའི་རོལ་དབྱངས

རྨི་ལམ་གྱི་བྱེད་པོ་སྟེ་མུན་ནག་གི་བསྐྲུན་པོ

 

ནུབ་མོའི་རྨི་ལམ་ལ་ཕྱི་ཐུམ་བརྒྱབ་སྟེ་དུར་སར་སྟོར

སང་གི་སྐྱ་རེངས་ལ་ཐག་པས་བསྡམས་ནས་རྡོག་ཐོས་གཞུས

དགའ་བའི་ང་རོ་ལ་མེ་ལྕེ་ལྡུད་བཞིན་ཁོག་ཏུ་མིད

སྲོག་གི་ཕྱི་མོ་ལ་ངོ་འབག་བསྐོན་ཅིང་སྙིགས་མར་བྱས

 

གྲགས་ཀྱི་སྡེར་མ་འགོས་པའི་འབུ་ཕྲས་ཟོས

དབང་གི་ཡོལ་གོ་འཁྱིལ་བའི་དུག་གིས་ཟིན

 

བཙོན་ཁང་དང་སྡོད་ཁང་གཅིག་ཏུ་སྦྲེལ

སིལ་སྒྲ་གྲངས་མེད    ཁྲོག་སྒྲ་གྲངས་མེད

ཆོ་ངེ་དང་ཀི་ཅོ་དང་ངུ་འབོད་དང་འུར་ཟིང

དུས་གཅིག་ལ་ཞི་ཞིང་དུས་གཅིག་ལ་རྒྱས

སྡོད་ཁང་རིགས་འདྲ    གཏམ་རྒྱུད་རིགས་འདྲ

གཡའ་དྲི་བྲོ་བའི་སྲང་སྨད་ལ་འཁྱར

སྲང་སྨད་ཀྱི་ཆུ་འཁྱིལ   སྣང་བརྙན་གྱི་གྲིབ་གདོན

བཙའ་རྗེས་བཏབ་པའི་ལྕགས་དྲ་རུ་ཚུད

ལྕགས་དྲ་དང་གློག་དྲ་གཅིག་ཏུ་སྦྲེལ

 

ལག་པ་ཀབ་ཀོབ་གཅིག     རྨི་ལམ་ཐམ་ཐོམ་གཉིས

དྲན་པ་རབ་རིབ་གསུམ   ཚོར་བ་ཉམས་སོ་ལོ

 

                               ༢༠༠༩ ༩ ༢༡

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བ་ཉམས་པ།

2009-09-25 ལྡོང་བུ། ཀློག་གྲངས། མཆན ཡོད།

དུས་ཀྱི་གཙང་བོ   ཉིན་རྒྱུག་མཚན་རྒྱུག  

ལས་ཀྱི་རླུང་ནག   ཕུ་གཡུག་མདོ་གཡུག  

 

ཡི་གེའི་ཕག་ནད    ཚིག་གི་ཁྱི་རོ

རྩོམ་པོའི་ཁ་ཆུ   ཀློག་པོའི་དྲི་ཆུ

དེབ་ཀྱི་ལུད་པ   དཔྱད་པའི་སྐྱུག་པ

ཐ་སྙད་ཀྱི་བྱི་ཡམས    ཚིག་སྦྱོར་གྱི་གློ་ཚད

བསམ་བློ་ཡི་ས་སི     སྙན་ངག་གི་ཨེ་ཙི

ལོ་རྒྱུས་ཀྱི་ཀླ་ཀློ   སྤྱི་ཚོགས་ཀྱི་སྤྱང་རྒན

ཆབ་སྲིད་ཀྱི་ཁྱི་མོ   རིག་གཞུང་གི་རུལ་མ

ཡུལ་ཁམས་ཀྱི་ཡིག་རྨོངས   གསར་གཏོད་ཀྱི་སྲོ་མ

མི་རབས་ཀྱི་མེད་པོ 

 

མིག་ཤེལ་གྱིས་བཏུམས་པའི་ལྐོག་མདའ་ལས

ཤོག་དཀར་གྱིས་གབ་པའི་རལ་གྲི་ལས

དཔྱིད་ཐན་དང་དབྱར་ཙད

སྟོན་རླུང་དང་དགུན་འཁྱག་ལས

ཤི་བ་གྲངས་མེད   སྐྱེ་བ་གྲངས་མེད

ཐོབ་པ་གྲངས་མེད  ཤོར་བ་གྲངས་མེད

ཉིན་མཚན་གྲངས་མེད་སྐར་ཆ་དེ་ལས་ཀྱང

བཟོད་པ་གྲངས་མེད་འུ་ཐུག་དེ་ལས་ཀྱང

 

མདའ་དྲི་མདུང་དྲི་འཐུལ་བའི་མེ་ཏོག་རྭ་བ

གསེར་འོད་དངུལ་འོད་འཕྲོ་བའི་གྲོང་ཁྱེར་གདུག་ཅན

ལོང་བའི་མིག་ལ་རན་པའི་ཡུལ་ལྗོངས

འོན་པའི་རྣ་ལ་འཕྲོད་པའི་རོལ་དབྱངས

རྨི་ལམ་གྱི་བྱེད་པོ་སྟེ་མུན་ནག་གི་བསྐྲུན་པོ

 

ནུབ་མོའི་རྨི་ལམ་ལ་ཕྱི་ཐུམ་བརྒྱབ་སྟེ་དུར་སར་སྟོར

སང་གི་སྐྱ་རེངས་ལ་ཐག་པས་བསྡམས་ནས་རྡོག་ཐོས་གཞུས

དགའ་བའི་ང་རོ་ལ་མེ་ལྕེ་ལྡུད་བཞིན་ཁོག་ཏུ་མིད

སྲོག་གི་ཕྱི་མོ་ལ་ངོ་འབག་བསྐོན་ཅིང་སྙིགས་མར་བྱས

 

གྲགས་ཀྱི་སྡེར་མ་འགོས་པའི་འབུ་ཕྲས་ཟོས

དབང་གི་ཡོལ་གོ་འཁྱིལ་བའི་དུག་གིས་ཟིན

 

བཙོན་ཁང་དང་སྡོད་ཁང་གཅིག་ཏུ་སྦྲེལ

སིལ་སྒྲ་གྲངས་མེད    ཁྲོག་སྒྲ་གྲངས་མེད

ཆོ་ངེ་དང་ཀི་ཅོ་དང་ངུ་འབོད་དང་འུར་ཟིང

དུས་གཅིག་ལ་ཞི་ཞིང་དུས་གཅིག་ལ་རྒྱས

སྡོད་ཁང་རིགས་འདྲ    གཏམ་རྒྱུད་རིགས་འདྲ

གཡའ་དྲི་བྲོ་བའི་སྲང་སྨད་ལ་འཁྱར

སྲང་སྨད་ཀྱི་ཆུ་འཁྱིལ   སྣང་བརྙན་གྱི་གྲིབ་གདོན

བཙའ་རྗེས་བཏབ་པའི་ལྕགས་དྲ་རུ་ཚུད

ལྕགས་དྲ་དང་གློག་དྲ་གཅིག་ཏུ་སྦྲེལ

 

ལག་པ་ཀབ་ཀོབ་གཅིག     རྨི་ལམ་ཐམ་ཐོམ་གཉིས

དྲན་པ་རབ་རིབ་གསུམ   ཚོར་བ་ཉམས་སོ་ལོ

 

                               ༢༠༠༩ ༩ ༢༡

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།