མཛེས་བཅོས།
སྐེ་དཀྲིས་ཀྱིས་ཕྱི་དགོས་པའི་ལག་པ་རློན་པ
ཁྱོད་ཀྱི་སྨིན་མ་དང་མིག་ཟུང་ལྷག་མ
བདག་གིས་ཁ་ལ་འབྱར་ཡོང་བའི་ཐལ་བ་ནེམ་པོ
ད་དུང་འགྱིག་གི་མཚན་མ་དང་འགྱིག་གི་ཕྱི་པགས
ལོ་དེ་ནས་ང་ཡིས་སུ་ཞིག་གི་གཙང་ཁྲུས་ལ་ལྐོག་ལྟ་བྱེད་དགོས
གློ་བུར་དུ ས་ཡི་གོ་ལ་མེ་ཡི་མདོག་གིས་ཁེངས
གློ་བུར་དུ གནམ་གྱི་ཉི་མས་གསེར་གྱི་རི་ཞིག་ཞུ
གཙང་བོ་སྐམ་སོང་ལ
རྩྭ་ཡི་ལང་ཚོ་སླར་ཡང་ཁྱོད་ཀྱི་ལང་ཚོའི་ཁེབ་མ་རུ་གྱུར
བུ་མོ སྐྲ་ལོ་ཡང་བྱེ་མས་བཀྲུས་དགོས་པ་ནི་གོམས་སམ
སྤྱི་ལོ༢༠༡༠ལོའི་ཟླ༡བའི་ཚེས་༩ཉིན་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།