ངའི་སྤུན་ཟླ་ཚོ།

རིན་སྤུངས་ཚུལ་བསྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-20


ངའི་སྤུན་ཟླ་ཚོ

ཁྱེད་ཅག་ནི་ང་ཚོ་དང་ཤ་རུས་ཀྱི་རྒྱུད་པ་འདྲེས་ཤིང་
རིག་གནས་དང་རིག་གནས་ཀྱི་རྒྱུད་པ་འདྲེས་ཤིང་
དེ་དང་དེ་འདྲའི་འདྲེས་པ་མང་ཞིང་
ངའི་སྤུན་ཟླ་ཚོ
ད་དུང་
དད་དམ་གཅིག་པ
དམིགས་ཡུལ་གཅིག་པ
ཡང་སྒོས་ལྟ་བ་གཅིག་པ
གདུང་སེམས་མཉམ་སྐྱེད་ཡིན་པ
གངས་རིའི་གདུང་རྒྱུད་ཀྱི་མི་རིགས
ངའི་སྤུན་ཟླ་ཚོ
འབྱུང་བའི་འཇིགས་པ་དེ
འཇིགས་པའི་ནང་ནས་འཇིགས་པ་ཞིག་རེད
འཇིགས་པ་དེས་ང་ཚོའི་ཚེ་སྲོག
རིན་ཐང་ཆེ་བའི་རྩ་ཆེན
རྙེད་པ་དཀའ་བའི་རིན་བྲལ་གྱི་རིག་དངོས
སྐད་ཅིག་ཅིག་གིས་འཇིག་པ་དེས
དུས་གཏན་གྱི་སྐྱབས་གནས་སུ་འཛིན་པའི
དཀོན་མཆོག་གསུམ་དང་ཡུལ་མཆོག་གནས་བཞི
རྩ་གསུམ་ལ་སོགས་ཀྱེ་ཀྱེ
ཐུགས་ཀྱིས་གཟིགས་དང་སྤྱན་གྱིས་གཡོ་དང་
ད་གཟིགས་ཤིག་གཟིགས་ཤིག
ང་ཚོའི་སྤུན་ཟླ་ཚོ
ང་ཚོའི་སྤུན་ཟླ་ཚོ
འབྱུང་འཇིག་ཁྲོད་དུ་གཤེགས་པའི་སྤུན་ཟླ་ཚོ་ལ
ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུཿ
ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུཿ
རྟག་ཏུ་འགྲོ་ལ་གཟིགས་པའི་སྐྱབས་གནས་མཐུས
བདག་སོགས་འདི་ནས་ལུས་རྒྱ་ཞིག་མ་ཐག
འཁོར་བའི་ལས་ཟད་འཇའ་འོད་ལམ་བཞུགས་ནས
བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

སྤུན་ཟླ་ལགས
སྤུན་ཟླ་ལགས
                ༢༠༡༠་ལོའི་ཟླ་༤་ཚེས་༡༥མཚན་མོར་གང་མགྱོགས་སུ་བྲིས་པའོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སྤུན་ཟླ་ཚོ།

2010-04-20 རིན་སྤུངས་ཚུལ་བསྟན། ཀློག་གྲངས། མཆན ཡོད།


ངའི་སྤུན་ཟླ་ཚོ

ཁྱེད་ཅག་ནི་ང་ཚོ་དང་ཤ་རུས་ཀྱི་རྒྱུད་པ་འདྲེས་ཤིང་
རིག་གནས་དང་རིག་གནས་ཀྱི་རྒྱུད་པ་འདྲེས་ཤིང་
དེ་དང་དེ་འདྲའི་འདྲེས་པ་མང་ཞིང་
ངའི་སྤུན་ཟླ་ཚོ
ད་དུང་
དད་དམ་གཅིག་པ
དམིགས་ཡུལ་གཅིག་པ
ཡང་སྒོས་ལྟ་བ་གཅིག་པ
གདུང་སེམས་མཉམ་སྐྱེད་ཡིན་པ
གངས་རིའི་གདུང་རྒྱུད་ཀྱི་མི་རིགས
ངའི་སྤུན་ཟླ་ཚོ
འབྱུང་བའི་འཇིགས་པ་དེ
འཇིགས་པའི་ནང་ནས་འཇིགས་པ་ཞིག་རེད
འཇིགས་པ་དེས་ང་ཚོའི་ཚེ་སྲོག
རིན་ཐང་ཆེ་བའི་རྩ་ཆེན
རྙེད་པ་དཀའ་བའི་རིན་བྲལ་གྱི་རིག་དངོས
སྐད་ཅིག་ཅིག་གིས་འཇིག་པ་དེས
དུས་གཏན་གྱི་སྐྱབས་གནས་སུ་འཛིན་པའི
དཀོན་མཆོག་གསུམ་དང་ཡུལ་མཆོག་གནས་བཞི
རྩ་གསུམ་ལ་སོགས་ཀྱེ་ཀྱེ
ཐུགས་ཀྱིས་གཟིགས་དང་སྤྱན་གྱིས་གཡོ་དང་
ད་གཟིགས་ཤིག་གཟིགས་ཤིག
ང་ཚོའི་སྤུན་ཟླ་ཚོ
ང་ཚོའི་སྤུན་ཟླ་ཚོ
འབྱུང་འཇིག་ཁྲོད་དུ་གཤེགས་པའི་སྤུན་ཟླ་ཚོ་ལ
ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུཿ
ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུཿ
རྟག་ཏུ་འགྲོ་ལ་གཟིགས་པའི་སྐྱབས་གནས་མཐུས
བདག་སོགས་འདི་ནས་ལུས་རྒྱ་ཞིག་མ་ཐག
འཁོར་བའི་ལས་ཟད་འཇའ་འོད་ལམ་བཞུགས་ནས
བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

སྤུན་ཟླ་ལགས
སྤུན་ཟླ་ལགས
                ༢༠༡༠་ལོའི་ཟླ་༤་ཚེས་༡༥མཚན་མོར་གང་མགྱོགས་སུ་བྲིས་པའོ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།