ཡུལ་ཤུལ་གྱི་སྤུན་ཟླ་ཚོ།

གནམ་ལ་བསྲིངས་པའི་ལག་པ
ཐུང་བར་གཏོང་བའི་མོད་ལ
སེམས་སུ་སྦས་པའི་བརྩེ་བ
དྲོད་གྱི་ལེར་འཁྱིལ་སྲིད་ཨང

འཇིག་པ་རེ་རེར་ལག་པ་འཇུ་དུས
རྒྱུ་འབྲས་ཀྱི་རྒྱ་མའི་སྟེང་གཡོ་ཞིང་བསྐྱོམས་པའི
ཚེ་སྲོག་གི་དར་སྐུད་ཕྲ་ལ་རིང་བ་དག
འགུལ་གྱི་འདུག    འདར་གྱི་འདུག

མེ་ཏོག་གི་རྫ་བུམ  སིལ་བུར་འཐོར་དུས
ཁྱོད་ཀྱི་རྣམ་ཤེས་ཕྲ་མོ་དག    འོབས་དོང་དུ་ལྷུང་བར་ཞེད་སྣང་སྐྱེས
ལག་པ་མང་བོ་ཚང་ཁ་བྲེལ་ཡོང་དུས
ཁྱོད་ཀྱི་སྙིང་ཁར་རེག་པའི་ཤ་དྲོད
གྲང་རེག་གིས་བསྡམས་སྲིད་ཨང


ཞོགས་པའི་ཉི་ཟེར་ལ་འགྲོགས་པའི་འགུལ་སྐྱོམ
འགུལ་སྐྱོམ་ཁྲོད     ཚེ་སྲོག་ནི་བ་སྤུ་གཅིག་དང་འདྲ་བར
འཇིག་རྟེན་གྱི་པང་དུ་ལྡང

གཉེན་ཉེ་སུ་ཞིག་གིས་གུས་པོ་སྐྱོབས་པར་ནུས
དཀོན་མཆོག་གང་ཞིག་གིས་གུས་པོ་སྐྱོབས་པར་ཕོད
དཀོན་མཆོག་ཅིག་ག་པར་མཆིས
རྒྱུ་འབྲས་ཤིག་གང་དུ་ཡོད

མེ་ཏོག་གི་རྫ་བུམ་ཞིག་ལས་ཆོག
མཆོད་མེ་ཡི་ཁ་བཏགས་ཤིག་འཐེན་ཆོག
ཚེ་སྲོག་གི་དར་སྐུད་ཅིག་བསྲིངས་ཆོག
གལ་སྲིད་ཚེ་སྲོག་ཅིག་ཡོད་སྲིད་ན
༢༠༡༠ལོའི་ཟླ༤པའི་ཚེས༡༧དགོང་མོ་རང་ཤག་ཏུ་ཡུལ་ཤུལ་སྤུན་ཟླ་མང་བོའི་ཚེ་སྲོག་ཤོར་བར་མ་ཎི་ཚར་བརྒྱ་ཡི་གོ་ཆོད་པར་གྱུར་ཅིག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ཤུལ་གྱི་སྤུན་ཟླ་ཚོ།

2010-04-17 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

གནམ་ལ་བསྲིངས་པའི་ལག་པ
ཐུང་བར་གཏོང་བའི་མོད་ལ
སེམས་སུ་སྦས་པའི་བརྩེ་བ
དྲོད་གྱི་ལེར་འཁྱིལ་སྲིད་ཨང

འཇིག་པ་རེ་རེར་ལག་པ་འཇུ་དུས
རྒྱུ་འབྲས་ཀྱི་རྒྱ་མའི་སྟེང་གཡོ་ཞིང་བསྐྱོམས་པའི
ཚེ་སྲོག་གི་དར་སྐུད་ཕྲ་ལ་རིང་བ་དག
འགུལ་གྱི་འདུག    འདར་གྱི་འདུག

མེ་ཏོག་གི་རྫ་བུམ  སིལ་བུར་འཐོར་དུས
ཁྱོད་ཀྱི་རྣམ་ཤེས་ཕྲ་མོ་དག    འོབས་དོང་དུ་ལྷུང་བར་ཞེད་སྣང་སྐྱེས
ལག་པ་མང་བོ་ཚང་ཁ་བྲེལ་ཡོང་དུས
ཁྱོད་ཀྱི་སྙིང་ཁར་རེག་པའི་ཤ་དྲོད
གྲང་རེག་གིས་བསྡམས་སྲིད་ཨང


ཞོགས་པའི་ཉི་ཟེར་ལ་འགྲོགས་པའི་འགུལ་སྐྱོམ
འགུལ་སྐྱོམ་ཁྲོད     ཚེ་སྲོག་ནི་བ་སྤུ་གཅིག་དང་འདྲ་བར
འཇིག་རྟེན་གྱི་པང་དུ་ལྡང

གཉེན་ཉེ་སུ་ཞིག་གིས་གུས་པོ་སྐྱོབས་པར་ནུས
དཀོན་མཆོག་གང་ཞིག་གིས་གུས་པོ་སྐྱོབས་པར་ཕོད
དཀོན་མཆོག་ཅིག་ག་པར་མཆིས
རྒྱུ་འབྲས་ཤིག་གང་དུ་ཡོད

མེ་ཏོག་གི་རྫ་བུམ་ཞིག་ལས་ཆོག
མཆོད་མེ་ཡི་ཁ་བཏགས་ཤིག་འཐེན་ཆོག
ཚེ་སྲོག་གི་དར་སྐུད་ཅིག་བསྲིངས་ཆོག
གལ་སྲིད་ཚེ་སྲོག་ཅིག་ཡོད་སྲིད་ན
༢༠༡༠ལོའི་ཟླ༤པའི་ཚེས༡༧དགོང་མོ་རང་ཤག་ཏུ་ཡུལ་ཤུལ་སྤུན་ཟླ་མང་བོའི་ཚེ་སྲོག་ཤོར་བར་མ་ཎི་ཚར་བརྒྱ་ཡི་གོ་ཆོད་པར་གྱུར་ཅིག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།