བརྩེ་བའི་རྒྱ་མཚོར་འཛད་པ་མེད།
རྨོག་རུ་ཤེས་རབ་རྡོ་རྗེས་ཡུལ་ཤུལ་ས་འགུལ་གྱི་འཇིགས་པའི་ཁྲོད་གྱི་མི་རྣམས་ལ་ཕུལ་བའི་གླུ་ཚིག
མི་རེ་ལ་སེམས་རེ་ཡོད
སེམས་རེ་ལ་འོད་རེ་ཡོད
འོད་དེ་ནི་སྙིང་རྗེ་ཡིན
འོད་དེ་ནི་བརྩེ་བ་ཡིན
རང་རང་སོ་སོའི་འོད་དེ་ཕྱོགས་སུ་འཕྲོ་བར་བྱོས
ང་ཚོའི་སྐྱིད་སྡུག་གཅིག་ཡིན
ང་ཚོའི་དམིགས་ཡུལ་གཅིག་ཡིན
གྲང་བའི་ཁམས་སུ་དྲོད་ལ་གསོལ་བ་ཐོབ
མུན་པའི་ཀློང་དུ་འོད་ལ་རེ་བ་བཅོལ
ཁྲག་ལ་འཛད་པ་ཡོད་ཀྱང
བརྩེ་བའི་རྒྱ་མཚོར་འཛད་པ་མེད
མགོ་བོ་ཡར་ལ་ཁྱོགས་དང
ང་ཚོ་ནི་ཁྱོད་ཀྱི་སྤུན་ཟླ་ཡིན
ང་ཚོའི་སྐྱིད་སྡུག་གཅིག་ཡིན
ང་ཚོའི་དམིགས་ཡུལ་གཅིག་ཡིན
༢༠༡༠.0༤,༡༧ཉིན་ལ།
བཙན་དང་དབང༌། ད་དུང་རང་བྱུང་གི་འཇིག་པའི་མདུན་དུ་རང་ཉིད་ནི་ཇི་འདྲའི་ཉམ་ཆུང་ལ་བག་འཁུམ་པ། སྲ་མི་ཚུགས་པ་ཞིག་ཡིན་པ་ཚོར་ཐེངས་རེ་རེ་བཞིན་བྲིས་པའི་ཡིག་ཆུང་འདི་དག་ཀྱང་དོན་གྱིས་སྟོངས་ཤིང་སྙིང་བོས་དབེན་པ་ཞིག་ཏུ་མཐོང་ཡང་འདི་ལ་གོམས་པའམ་འགྲོགས་ཡུན་རིང་བས་འདིའང་རང་གི་ཁ་སེམས་མཚོན་བྱེད་དུ་ཕུལ་བའོ།།
གླུ་ཚིག་འདི་ལེན་མཁན་ཡོད་ཚེ་སྦྱིན་འདོད་ཡོད།
རྩོམ་ཁུངས། ངེད་དྲ་བ།