མེ་ཏོག་གི་ལུག་ཁྱུ།
ཁ་བས་མནན་ཡོང་བའི་མེ་འོབས
དགུང་དུ་འཕྱུར་འོང
ས་སྲོད་ཀྱི་དུས་དེ་དྲན་འོང
མཚམས་སྤྲིན་རྒྱུ་བའི་རྨི་ལམ
རུམ་ཁ་དྲོད་མོར་འཁོར
ས་ཐག་གིས་བཅད་པའི་བརྩེ་བ་རློན་པ
ཆུ་ཐིགས་ཀྱིས་ཟིན་པའི་ལུས་ཀྱི་བརླན་གཤེར
མི་ཚོགས་ཁྲོད་དུ་གཤར
གདོང་མཆོང་དཔའ་རྒོད་ལྟར་གཤར
མུ་ཏིག་ལ་བརྒྱུས་པའི་འཇའ་ཚོན
མེ་ཏོག་གི་ཟིལ་བར་ཐིམ་དུས
མགུལ་རྒྱན་བསླེས་པའི་བུ་མོ་ཚོ
སྙིང་གི་དཀྱིལ་དུ་སིམ
འཇམ་ཅག་གེར་སིམ
ཤབ་ཤུབ་ངང་གློད་པའི་ཁ་བརྡ
གནའ་གཏམ་ཞིག་ཏུ་གཏོགས་སམ
ཁེད་ཀྱི་གསེང་གི་གསང་བ་རུ་གྱུར
ལག་པ་རིང་བོ་ཐོགས་པའི་སྲོག་ཆགས་ཤིག
ངེད་ཚང་གི་ར་སྐོར་ནང་དུ་འཛུལ་ཡོང
རྐུན་མ་ཞིག་གི་ཟོལ་གྱི་འཚང
སྦྲ་ནག་རླུང་གིས་བཏེགས
ཆོན་ཐག་བསེར་བུས་ཁྱེར
ཕུར་བ་འཁྱག་རོམ་གྱིས་བསྡམས
སྒྱེད་པུའི་འགྲམ་གྱི་ཨ་མ
རྒས་པའི་གཉེར་མས་མནར
༢༠༡༠ལོའི་ཟླ་གསུམ་པའི་ཚེས༡༥དགོང་མོ་སློབ་མའི་མལ་ཁང་དུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།