རེ་བ།
སེང་རས་ཀྱིས་སྲབ་མོར་གཡོག་པའི་རྫི་མའི་གེ་སར་དེས
ང་ཡི་པགས་པ་མཐུག་པོ་འདི་ལ་སྦྲིད་སྦྲིད་གཏང་རོགས
སྐར་མའི་ཆག་འཇིག་དང་སྤྲིན་དཀར་གྱི་རྩེད་མོས
ང་ཡི་རྣམ་ཤེས་ཀྱི་ཁུར་མོང་འདི་ཡང་ཡང་བསེད་རོགས
རི་བོའི་ཕ་རོལ་གྱི་རི་རྒྱལ་དེས་ཀྱང
ང་རང་མདུན་དུ་བསྐྱོད་པར་སྐུལ་རོགས
ཆང་དང་མཆུ་སྒྲོས་ཀྱི་བརླན་ཤས
ང་ཡི་ཁོག་པའི་ནང་གི་མེ་ཕུང་འབར་དུ་འཇུག་རོགས
ས་ཡོམ་དང་མཚོ་ཁོལ་བའི་འཇིག་པ་དེས
ང་རང་འབྱུང་བ་ལྔ་ལ་ཐིམ་དུ་འཇུག་རོགས
ཁྱོད་ཀྱི་སྙན་ངག་གི་རོལ་མོས
ང་རང་འཕེལ་འགྲིབ་མེད་པའི་རྒྱ་མཚོ་བཞིན ཡང་ཡང་བཀྲོལ་རོགས
2010/3/21
རྩོམ་ཁུངས། ངེད་དྲ་བ།