སྡུག་གཏམ་སྐྱ་ལེབ་མ།
ཁ་བའི་འོག་གི་ལྕང་སྡོང
ངང་ཆུང་ཕུར་ཤུལ་གྱི་མཚོ་མོ
སྡུག་འདིའི་ལུས་སེམས་འགམ་དུས
ཐུར་དུ་རྒྱུག་གིན་པའི་དུས་ཚིགས་འདི
ང་གཅིག་པུའི་སྟེང་དུ་འང་ས་འདི་རུབ་ཡོང
མེ་ལོང་དང་གྲིབ་མ་ལུས་པའི་དགུན་ཁར
ལྕགས་ཀྱིས་བསྡམས་པའི་རི་བོ་ངུས
སྙིག་རོའི་གསེང་ནས་གངས་རི་ཡང་ངུས
སྟོད་ནས་མེ་རོ་ལྡང
བར་ནས་ལུས་པོ་སྲེག་པའི་མཚམས་སྤྲིན་འཕྱུར
སྨད་ནས་ལག་པ་ཆད
ནམ་མཁའ་རུལ་པོའི་མིག་ཟུང
དེབ་ཐེར་གྱི་ངུ་འབོད་དག་སུ་ཞིག་གི་ཁྲག་ལ་འདྲེས
རྩོམ་ཁུངས། ངེད་དྲ་བ།