མི་ལ་རས་པ།

ཨ་འབྲུག་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-01


འཇགས་
སྐྱ་ལྟར་གཟེངས་བའི་དབུ་ལོ་དེའི་འོག་ན།
ཤིང་
ལོ་སྐམ་པོ་ཞིག་གི་མཐུག་སྲབ་ལས་མེད་པའི་ཁྱེད་ཀྱི་སྐུ་ལུས།
ལྟོ་
བ་དང་སྒལ་ཚིགས་ཀྱི་རི་མོ་མཉམ་དུ་གསལ་བའི་ཁྱེད་ཀྱི་ཟོ་དབྱིབས།
སྐུ་
ལུས་ལ་ཕྱི་ནང་མེད་ཅིང་སྐུ་གཟུགས་ལ་རྒྱབ་མདུན་མེད་པའི་ཁྱེད་རང།
རང་
བྱུང་ཁམས་ཆེན་པོ་སྒུལ་བའི་གླུ་སྐད་དེའི་བདག་པོར་ཇི་ལྟར་བཞེངས་པ་ཡིན།
བར་
སྣང་གཤགས་པའི་གླུ་སྐད་མཐོན་པོ་དེ།
ས་
ཆེན་གཡོ་བའི་གདངས་དབྱངས་རྔམ་བརྗིད་དེ།
ཁྱེད་
ཀྱི་རུས་གསེང་དང་རྩ་ལམ་གང་ཞིག་ནས་མཆེད་ཡོང་བ་ཡིན་ནམ།
མ་
རེད་ཁྱེད་ཀྱིས་རང་ལུས་བསྲབ་མོ་ཤོག་བུར་བསྒྱུར་ཞིང་
ཡན་
ལག་ཕྲ་མོ་སྨྱུ་གུར་བཅོས་ནས།
འཇིག་
རྟེན་པ་རྣམས་ཀྱིས་མཐོང་མ་མྱོང་བའི་སྙན་ངག་ཅིག་བརྩམས་པ་རེད།
མ་
རེད་ཁྱེད་ཀྱིས་རང་ལུས་སྐམ་པོ་པི་ཝང་གི་དབྱིབས་སུ་བསྒྱུར་ཞིང།
སྐྲ་
ལོ་རིང་པོ་རྒྱུད་དྲུག་གི་ཟོལ་གྱིས་འཕྱངས་ཏེ།
སུས་
ཀྱང་ཐོས་མ་མྱོང་བའི་རོལ་དབྱངས་ཤིག་རྒྱང་འཐེན་གནང་པ་རེད།
རེད་
ངོ་མ་རེད་ཁྱེད་ནི་འབྲི་མི་དགོས་པའི་སྙན་ངག་གི་གླེགས་བམ་དེ་ཡིན་འདུག
ཁྱེད་
ནི་དཀྲོལ་མི་དགོས་པའི་རྒྱུད་དྲུག་གི་རོལ་ཆ་དེ་རེད་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལ་རས་པ།

2010-03-01 ཨ་འབྲུག་དཀོན་མཆོག ཀློག་གྲངས། མཆན ཡོད།


འཇགས་
སྐྱ་ལྟར་གཟེངས་བའི་དབུ་ལོ་དེའི་འོག་ན།
ཤིང་
ལོ་སྐམ་པོ་ཞིག་གི་མཐུག་སྲབ་ལས་མེད་པའི་ཁྱེད་ཀྱི་སྐུ་ལུས།
ལྟོ་
བ་དང་སྒལ་ཚིགས་ཀྱི་རི་མོ་མཉམ་དུ་གསལ་བའི་ཁྱེད་ཀྱི་ཟོ་དབྱིབས།
སྐུ་
ལུས་ལ་ཕྱི་ནང་མེད་ཅིང་སྐུ་གཟུགས་ལ་རྒྱབ་མདུན་མེད་པའི་ཁྱེད་རང།
རང་
བྱུང་ཁམས་ཆེན་པོ་སྒུལ་བའི་གླུ་སྐད་དེའི་བདག་པོར་ཇི་ལྟར་བཞེངས་པ་ཡིན།
བར་
སྣང་གཤགས་པའི་གླུ་སྐད་མཐོན་པོ་དེ།
ས་
ཆེན་གཡོ་བའི་གདངས་དབྱངས་རྔམ་བརྗིད་དེ།
ཁྱེད་
ཀྱི་རུས་གསེང་དང་རྩ་ལམ་གང་ཞིག་ནས་མཆེད་ཡོང་བ་ཡིན་ནམ།
མ་
རེད་ཁྱེད་ཀྱིས་རང་ལུས་བསྲབ་མོ་ཤོག་བུར་བསྒྱུར་ཞིང་
ཡན་
ལག་ཕྲ་མོ་སྨྱུ་གུར་བཅོས་ནས།
འཇིག་
རྟེན་པ་རྣམས་ཀྱིས་མཐོང་མ་མྱོང་བའི་སྙན་ངག་ཅིག་བརྩམས་པ་རེད།
མ་
རེད་ཁྱེད་ཀྱིས་རང་ལུས་སྐམ་པོ་པི་ཝང་གི་དབྱིབས་སུ་བསྒྱུར་ཞིང།
སྐྲ་
ལོ་རིང་པོ་རྒྱུད་དྲུག་གི་ཟོལ་གྱིས་འཕྱངས་ཏེ།
སུས་
ཀྱང་ཐོས་མ་མྱོང་བའི་རོལ་དབྱངས་ཤིག་རྒྱང་འཐེན་གནང་པ་རེད།
རེད་
ངོ་མ་རེད་ཁྱེད་ནི་འབྲི་མི་དགོས་པའི་སྙན་ངག་གི་གླེགས་བམ་དེ་ཡིན་འདུག
ཁྱེད་
ནི་དཀྲོལ་མི་དགོས་པའི་རྒྱུད་དྲུག་གི་རོལ་ཆ་དེ་རེད་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།