ཐོན་མིའི་ཡར་སྔོན་གྱི་འཇིག་རྟེན།
ལྷ་དང་ཀླུ་ཡིས་བཟུང་བའི་ས་ཆ་འདི
མགོ་བོ་གཞན་ལ་སྤྲད་རྒྱུར་ཧ་ཅང་དགའ
ལྷ་ལས་བབས་པའི་ཡི་གེ་དང
ཀླུ་ཡིས་སྦྱིན་པའི་ལྷ་སྐུ་འདི་དག་གིས
དེ་རིང་ང་ཚོར་ཐོན་མིའི་ཡར་སྔོན་གྱི་འཇིག་རྟེན་བཤད་ཀྱིན་འདུག
ལོ་རྒྱུས་ཀྱི་ཡོལ་རས་ནག་པོ་འདིས
དེ་རང་གི་མི་འདི་ཚོར་སྡུག་བསྔལ་འདི་སྤྲད་པ་རེད
ཐོན་མིའི་ཡར་སྔོན་གྱི་འཇིག་རྟེན་ནའང
དེ་རིང་གི་རྔ་མ་ནག་པོ་ཅན་གྱི་མི་འདི་ཚོའི་རྣམ་ཤེས་འདུག
ལོ་ངོ་སྟོང་ཕྲག་གཉིས་འདས་ཀྱང
ད་དུང་ཐོན་མིའི་ཡར་སྔོན་གྱི་འཇིག་རྟེན་ཞིག་ང་ཚོར་ལྷག་འདུག
ནགས་ཚལ་ནས་ཆས་ཚར་མི་འདུག་པའི་དེ་རིང་དང
ཐོན་མིའི་ཡར་སྔོན་གྱི་འཇིག་རྟེན་དང་ད་ལྟ་གཉིས་མཉམ་དུ་བལྟ་དུས
སྔོན་ཆད་ཀྱི་མི་དམངས་ཚོ་དྲན་ནས་མགོ་བོ་ན་ལ
སྔོན་ཆད་ཀྱི་དབང་པོ་དག་མཐོང་ནས་སེམས་པ་སྐྱོ
ཡར་ཀླུང་གི་འདས་པོ་དང
གངས་འདབས་ཀྱི་མི་དམངས་འདི་དག
ནས་འབྲུ་རྡོག་གཅིག་གི་ཚེ་སྲོག་ལས་བྱུང་བ་ཡིན་ན
དེ་རིང་ནི་སྔོན་ཆད་ཀྱི་དེ་རང་རེད
༢༠༠༩ལོའི་ཟླ་༡༠་ཚེས༥ཉིན་ལྷ་ས་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།