སྙན་ངག་ཚན་པ་གསུམ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-02-05

      བརྩེ་གདུང༌།
ལང་ཚོ་མེ་ཕུང་ལྟར་དམར་སྐབས།
སུ་ཞིག་གི་སེམས་ཁུངས་སུ།
རང་བྱུང་དུ་བརྡོལ་བའི་གླུ་དབྱངས།
ནམ་ཡིན་ཡང་གྱེར་ཆོག་ཆོག་ཡིན།
བརྩེ་གདུང༌། བདེ་སྐྱིད་ཀྱི་བཟི་ཁ་ཡིན་ལ།
བརྩེ་གདུང༌། སྡུག་བསྔལ་གྱི་སྐྱུར་རྩི་ཡང་ཡིན།

ལྷན་འཛོམས་ཀྱི་དུས་ཚིགས་དགོད་སྒྲས་བསུས་ཤིང༌།
འབྱུང་འགྱུར་གྱི་ཆེད་དུ་གཡར་དམ་འཇོག་སྐབས།
ཁྱོད་ཀྱི་སྤོབས་པ་རི་རབ་ལས་མཐོ་ཞིང༌།
ཁྱོད་ཀྱི་ལ་རྒྱ་མཚོ་མོ་ལས་ཟབ།
བརྩེ་གདུང༌། བདེ་སྐྱིད་ཀྱི་བཟི་ཁ་ཡིན་ལ།
བརྩེ་གདུང༌། སྡུག་བསྔལ་གྱི་སྐྱུར་རྩི་ཡང་ཡིན།
གྱེས་བྲལ་གྱི་ནམ་ཟླ་མིག་ཆུས་བརླན་ཞིང༌།
གས་ཆག་གི་སེམས་པ་རླུང་གིས་འཁྱེར་དུས།
ཁྱོད་ཀྱི་དོན་སྙིང་རྡོ་བོ་ལས་གྲང་ཞིང༌།
ཁྱོད་ཀྱི་རིན་ཐང་ཤིང་བལ་ལས་ཡང༌།
བརྩེ་གདུང༌། བདེ་སྐྱིད་ཀྱི་བཟི་ཁ་ཡིན་ལ།
བརྩེ་གདུང༌། སྡུག་བསྔལ་གྱི་སྐྱུར་རྩི་ཡང་ཡིན།།
           
     ཁེར་རྐྱང་གི་སེམས་འགྱུ།
ཁྱེད་མེད་པའི་མཚན་མོར།
ངའི་མཁའ་དབྱིངས་ཧྲིལ་པོ་སྟོང་སང་ངེར།
ཟླ་བ་འཚེར་མི་འདོད་པའི་རྐྱེན་གྱིས།
མཚན་སྨག་གི་འདོད་རྔམ་སྔར་ལས་མཐུ།
ང༌། ཁེར་རྐྱང་དུ་ལུས་པའི་སྐར་མདའ་བཞིན།
མེ་ཏོག་བརྒྱ་ཕྲག་གི་སྐྱེད་ཚལ་འདི་རུ།
ཁྱེད་ཁོ་ནའི་ཆེད་དུ་བཞད་ཁ་འཛུམ། དུས་དེར།
འཇམ་རླུང་གིས་བསྐུལ་བའི་རྩྭ་ལོའི་ཤག་སྒྲས།
གནག་སྣུམ་དེའི་ངང་ཚུལ་གླེང་སྐབས།
ཆུ་འགྲམ་གྱི་མེ་ཏོག་སེར་ཆེན།
འདྲིས་ཆེ་བའི་འཛུམ་ཀོང་དེའི་འཇའ་བརྙན་ཨེ་ཡིན།
སྲ་སྲོད་ལས་ཟབ་པའི་དུས་ཚིགས་འདིར།
སྡོང་ལོ་ལྟར་ཡང་བའི་སེམས་པ་ལྷགས་རླུང་གིས་དེད་ཅིང༌།
དགུན་ངར་ལས་ཧྲུལ་བའི་ནམ་ཟླ་རུ།
མེ་ཕུང་བཞིན་དམར་བའི་བརྩེ་བ་སྙིང་ཁོང་དུ་རུམ་ཡང༌།
ཅི ་ཞིག་གིས་ནོངས་པའི་ང་རང༌།
མྱ་ངམ་གྱི་བྱེ་ཐང་ན། འཇིགས་ཚོགས་ཀྱི་ཚེར་ས་རུ།
བདག་མེད་ཀྱི་རྣམ་ཤེས་དང༌། ཀེང་རུས་ཀྱི་ལྡོག་འོད་བཞིན།
བྱང་ཐང་ནས་འཕུར་ཞིང་རི་འདབས་སུ་ཡན།
སྙིང་སྡུག་ལགས།
ལོ་ཟླ་ཁ་བས་མནན་ཞིང་སེམས་པ་གྲང་ངར་གྱིས་གཟིར་བའི་དོ་དགོང༌།
རྒྱུན་གཏན་གྱི་སྡོང་རྩར། ལྷན་འདུས་ཀྱི་དུས་ཆད་ལྟར།
རེ་སྒུག་གི་ལོ་ཟླ་མཛུབ་རྩེས་བགྲང་ཞིང༌།
ལྷག་བསམ་གྱི་དུང་ཟླ་བརྩེ་འཛུམ་གྱིས་བསུས་ཏེ།
སྙིང་གཏམ་ཁྱོར་བ་གང་ཁྱོད་ཀྱི་འཕུར་ཤུལ་དུ་མཆོད་ཀར་བཤམས་རུང༌།
ཟླ་ཟེར་ལས་གྲང་བའི་དྲན་གདུང་ཞིག་དང༌།
ཁེར་རྐྱང་ལས་ཟབ་པའི་རྨ་ཁ་དེས།
ངའི་མིག་ཆུ་དགུ་ཚིགས་ཀྱི་གཙང་རླབས་དང་ལྷན་དུ་སྐྱོམ་ཞིང་ཡོད་ལ།
ཁྱེད་ཀྱི་བརྩེ་སེམས་ཤེའུ་ཆུང་གི་ཡུལ་ཁེར་དང་གཅིག་ཏུ་གཙེས་ངེས།།
           
          ཁྱོད་དང་ང༌།
འཇིག་རྟེན་འདི་གུ་དོག་དྲགས་པའི་དབང་གིས།
མི་ཚོགས་རྣམས་འཚང་ཁས་དུབ།
སྟོན་ཁ་སྐམ་པོ་ཞིག་གི་སྲང་མདོར།
ཁྱོད་དང་ང༌།
འཕུར་མི་འདོད་པའི་སྡོང་ལོ་བཞིན།
སྟེས་དབང་གི་གླིང་གར་ལྡིང༌།
སེམས་པ་ཆུང་ཆུང་གཉིས་རྟེའུ་དཀར་པོ་ལྟར།
རྩྭ་ལྗང་དང་ལོ་འདབ་ཀྱི་ཕག་ཏུ་བྲོས།
ཅིའི་ཕྱིར་ཁྱོད་རང་འཇའ་ཚོན་བཞིན།
ངའི་དབྱར་གཞུང་ནས་ཡུད་ཀྱིས་བཞུད།
ང་འདི་ལྟར་སྦྲང་ཆར་གྱི་རྐང་རྗེས་འདེད་ཞོར།
རི་ངོགས་གཞན་ཞིག་ཏུ།
སྤང་ལྗོངས་སྟེང་རྨི་ལམ་རྒུམ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཚན་པ་གསུམ།

2010-02-05 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།