གངས་ལྗོངས། ངའི་ཕ་ཡུལ།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-02-05

གཡུ་ལོ་བཀོད་པའི་ཞིང་ཁམས་འབོད་ཀྱང་རྩྭ་ཐང་བུ་མོའི་དོ་ཟླ་མིན།།
རྣམ་སྲས་བང་མཛོད་ཇི་ལྟར་བཤད་ཀྱང་ས་མཐོའི་ནོར་ལ་འགྲན་མི་བཟོད།།
ཐིག་ལེ་མཆོག་མ་མཛེས་རབས་བཤད་ཀྱང་ཨ་ཅེ་འབྲུག་མོས་དམན་སར་ཕབ།།
ང་ཡི་ཕ་ཡུལ་གངས་ལྗོངས་ཞིང་འདི་ཡུལ་ལུང་གང་ལས་མཛེས་པར་མཐོང༌།།

ཤེས་ཡོན་ལག་ཁྱེར་དེ་འདྲ་མང་ཡང་བོད་ཀྱི་སློབ་གསོར་འགྲམ་ཆུ་ལྡང༌།།
འདྲ་མིན་ཁ་ཟས་རི་ལྟར་སྤུངས་ཀྱང་ཡོད་ཚད་སྲོག་གི་གཤེད་མར་གྱུར།།
ཚན་རྩལ་རླབས་རྒྱུན་མཁའ་ལ་འཕྱུར་ཡང་ཉིན་རེར་འཇིགས་པའི་འཕྲང་ལ་གནས།།

མཐོ་ཞིང་བརྗིད་པའི་ཁང་བརྩེགས་འདི་ཀོ་ཇོ་མོ་བླ་རིའི་ཞབས་ལ་ཐིམ།།
མཛེས་ཤིང་སྡུག་པའི་ལྡུམ་ར་དེ་ཚོས་རྩྭ་ཐང་ཡངས་མོར་ཕྲག་དོག་བྱེད།།
མཚོན་ལྡན་གློག་གི་གྲོང་ཁྱེར་ཆེ་ཡང་ས་མཐོར་སྐུ་མགྲོན་བགྲངས་མི་ཐུབ།།

འཚོ་བཅུད་སྨན་གྱིས་ལུས་སྟོབས་གསོ་ཞེས་ཀུན་གྱི་ངག་ལ་འབྱོར་ན་ཡང༌།།
སྦྲང་དཀར་རྩམ་པའི་ཤུལ་ཐག་མི་ཆོད་དོན་གྱི་མྱོང་བས་གྲུབ་འདི་འཚར།།
ཡན་ལག་བརྒྱད་ལྡན་གངས་ཆུ་བསིལ་མས་མཐའ་བཞིའི་སྐུ་མགྲོན་དགྱེས་འགྱུར་དུས།།

ནོར་ནག་རྫི་མོའི་གླུ་དབྱངས་ཉན་དུས་མེ་ཁལ་ཇག་སོན་སུ་ཞིག་རེད།།
སྐར་ཚོམ་མང་པོས་ཟུར་མིག་འཕེན་དུས་ལྷ་ཡི་ཞིང་ཁམས་འདི་རེད་སྙམ།།
མཁའ་དབུགས་དང་མོས་ནད་རིགས་འགོག་དུས་དེང་གི་ལྷ་རྗེ་གང་ན་ཡོད།།

སྒྱུ་རྩལ་རྩོམ་རིག་ཅི་རེད་ཟེར་ན་གེ་སར་བཅོས་སྒྲུང་བླ་ན་འཕགས།།
སྐད་ཡིག་ཁྲི་སྟོང་དབུས་ན་བརྗིད་པའི་དབྱངས་གསལ་སོ་བཞིར་སུ་མི་སྨོན།།
ཚན་རིག་རྒན་པོ་ཁད་ཀྱིས་ལུས་པའི་གཞུང་ལུགས་རྒྱ་མཚོ་ཆེ་རིག་དུས།།

མིག་ལྡན་གཅིག་གིས་གནམ་ས་གཡོ་དུས་རྒྱལ་ཁམས་སྐྱེ་བོས་མཐེ་བོང་བསྒྲེངས།།
རིག་གཞུང་གཅིག་གིས་འགུལ་ཤུགས་འདི་ཡིས་མཐའ་བཞིའི་རྒྱ་མཚོ་ཡམ་ཡོམ་དཀྲུགས།།
ཡུལ་གྲུ་ཞིག་གི་མཚར་སྡུག་འདི་ཡིས་ཤར་ནུབ་མི་དག་དབང་མེད་མྱོས།།

                                             ༢༠༠༩ ༡༢ ༡༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་ལྗོངས། ངའི་ཕ་ཡུལ།

2010-02-05 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།