ཀ་རྩོམ་ཤོ་རྒྱག་མ།

གཅན་སྟེང་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-02-05

ཀ་མད་སུམ་ཅུའི་རིག་གཞུང་སྦྱངས་པའི་ཀ་དག་ལས་ལ་མི་བརྩོན་པར། །

ཁ་ཏ་སློབ་གསོ་ཡལ་བར་བོར་ཏེ་ཁ་ལས་ཉམས་བྱེད་ཤོ་ལ་གོམས། །

ག་ས་གང་ནས་ཤོ་ལ་ཕྱོགས་པས་ག་ལེར་རང་ཉིད་ཕུང་ལ་སྦྱར། །

ང་ཡི་སྐྱིད་ཅིག་གཞན་ལ་མེད་ཅེས་ང་འོ་སྙེམས་པའི་ང་རྒྱལ་དང༌། །

ཅ་ཅོའི་བྱེད་པོ་མངོན་མེད་འཐུང་བཞིན་ཅ་དག་སེམས་པ་ཤོ་ལ་ཕྱོགས། །

ཆ་མེད་མི་ལ་འབྲེལ་ཞིང་འདྲིས་པས་ཆ་རྫོགས་ལང་ཚོ་ཤོ་ལ་བརྗེས། །

ཇ་ཆང་འདོད་པ་ལོངས་སུ་སྤྱོད་བཞིན་ཇ་ཡུན་ཙམ་ཡང་སྡོད་མ་ཚུགས། །

ཉ་མོ་རྒྱ་རུ་ཚུད་པ་དང་ནི་ཉ་བ་རྒན་པོའི་བརྟུལ་ཞུགས་བཅས། །

ཏ་རིན་དཔོན་གྱི་ཉམས་ཚུལ་སྟོན་བཞིན་ཏ་ལེར་ཤོ་ཡི་ལས་ལ་བྲེལ། །

ཐ་མག་རྐང་རེར་མེ་རེ་སྒྲོན་བཞིན་ཐ་མལ་ཤོ་ཡང་གཅེས་སུ་བཟུང༌། །

ད་ལྟ་ཁྱི་བཞིན་གྱང་རྩར་ལྷུང་ཡང་ད་དུང་ཤོ་འདི་བློས་མ་ཐོངས། །

ན་ཆུང་གཞོན་ནུའི་དུས་ཚིགས་དང་ནི་ན་སོ་རྒས་ཡང་ཤོ་ལ་བྲེལ། །

པ་ར་མི་ཏའི་གཞུང་ལུགས་ཕར་ཞོགས་པ་ལོ་ཅན་ཡང་ཤོ་ལ་ཕྱོགས། །

ཕ་ས་སེར་པོ་གསེར་གྱི་གནས་དང་ཕ་མེས་བསགས་པའི་སྙིང་གི་ནོར། །

བ་གམ་ཅན་གྱི་ཁང་བཟང་དང་ནི་བ་མོ་ལ་སོགས་ཤོ་ལ་ཤོར། །

མ་ཡི་བྱུ་རུའི་རྒྱན་ཆ་ཡིན་ཡང་མ་ལུས་ཕངས་མེད་ཤོ་ལ་བརྗེ། །

ཙ་གོ་ར་ལྟའི་སྙིང་སྟོབས་དང་བཅས་ཙ་ན་ཡིན་ཡང་ཤོ་ལ་འགྲོགས། །

ཚ་བ་རོང་སོགས་ཡུལ་ནས་ཐོན་པའི་ཚ་རུའི་གོས་ཡང་ཤོ་ལ་བཙོང༌། །

ཛ་ཡའི་གསུང་ལ་འགལ་བར་རྟོགས་ཀྱང་ཛ་དྲག་ལ་རྒྱ་ཤོ་ཡིས་བརྩད། །

ཝ་མ་ཝོ་ལ་གང་སར་མྱུལ་བའི་ཝ་མོའི་གཡོ་སྒྱུ་དང་དུ་བླངས། །

ཞ་མོ་ཟུར་གྱོན་འཇིགས་ཉམས་སྟོན་བཞིན་ཞ་འཐེང་ཡིན་ཡང་ཤོ་ལ་གཅེས། །

ཟ་འཐུང་ཙམ་ཡང་ཁོམ་ལོང་མེད་པར་ཟ་མ་ཏོག་ལྟར་ཤོ་དེ་འཆང༌། །

འ་ཅག་བུ་ཞེས་རྫིག་ཉམས་དང་བཅས་འ་འུར་སྒྲོག་བཞིན་ཤོ་ལ་རྩེན། །

ར་བ་གངས་ཅན་བོད་པའི་སྒོ་ཟོག་ར་ལུག་རྟ་ནོར་ཤོ་ཡིས་དེད། །

ལ་ལུང་མགོན་མེད་རི་དྭགས་ཇི་བཞིན་ལ་ལའི་སྲོག་ཡང་ཤོ་ལ་བསྡོས། །

ཤ་ཚའི་གཏམ་ལ་གོ་བ་མེད་པར་ཤ་ཁྱི་བཞིན་དུ་ཤོ་ལ་ཕྱོགས། །

ས་སྟེང་སྐྱེས་པའི་མིག་ལ་གཟན་པས་ས་མཐའི་གནས་ནས་ཤོ་ལ་རྩེན། །

ཧ་ལས་དོན་མང་སྣ་ཚོགས་འབྱུང་འདི་ཧ་ལམ་ཤོ་འདི་རྒྱུ་གྱུར་པས། །

ཨ་མའི་བུ་རྣམས་ཤོ་དང་བྲལ་ནས་ཨ་མའི་རེ་བཞིན་འགྲུབ་པར་ཤོག །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་རྩོམ་ཤོ་རྒྱག་མ།

2010-02-05 གཅན་སྟེང་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།