རྒྱང་རིང༌།
རྒྱང་རིང་ན་ཅི་ཡང་ཡོད་སྲིད
རྒྱང་རིང་ན་ཅི་ཡང་མེད་ཀྱང་ངེས
རྒྱང་ཧང་ན་སྔོ་ཡུག་ཡུག་གི་ནམ་མཁའ་དང་རྒྱ་མཚོ་ལས་ཅི་ཞིག་ཡོད
རྒྱང་རིང་གི་གནས་དེ་རུ་ང་ཚོས་སླར་ཡང་རྩྭ་ཐང་དང་ནགས་ཚལ་དྲན་ངེས
ཨེ་མ སླེབས་ཐབས་བྲལ་བའི་ཕ་ཡུལ
༢༠༠༣ལོའི་ཟླ༡༡པའི་ཚེས༢༡
རྩོམ་ཁུངས། ཁྱོད་རང་ཀློག་པར་སྤྲོ་བའི་སྙན་དེབ།