རླུང་བུ་དེ ཁྱེད་ཀྱིས་བཤད་པའི་སྐད་ཆ་དག་ཡིན་ན།
བལྟས་ཚོད་ལ
ཕྱི་རོལ་ན་རླུང་བུ་ཞིག་དལ་གྱིས་ལྡང་བཞིན་འདུག
སྒོ་ཁའི་དར་ལྕོག་གི་གཡོ་སྟངས་དང
ལྕགས་རྡང་དུ་བཀལ་བའི་ལྭ་བ་དག་གི་འགུལ་སྟངས་ལས
གློ་བུར་དུ ངས་འགུལ་བཞིན་པ་ཚང་མ་རང་སེམས་རེད་བསམ་བྱུང
རླུང་བུ་དེ་ཁྱེད་ཀྱིས་བཤད་པའི་སྙིང་གཏམ་དག་ཡིན་ན
07、05、2008
རྩོམ་ཁུངས། ངེད་དྲ་བ།