མི་འཇིགས་པའི་སྙན་ངག
ཉིན་དང་མཚན ཆུ་ཚོད་རེ་རེ སྐར་ཆ་རེ་རེའི་ཁྲོད
བསམ་བློ་བཏང་གིན་བཏང་གིན
ཆེས་བློས་མི་ཐོངས་པ་ནི་རང་ཉིད་མ་རེད
ཕོ་མོའི་བརྩེ་དུང་མ་རེད
དེ་ནི་རྣམ་ཤེས་ཀྱི་ཁམས་སུ་ཟུག་ཅིང
འཚར་ལོངས་ཀྱི་ལོ་རིམ་ཁྲོད
བྱམས་བརྩེས་སྐྱོང་བའི དཀའ་ཁག་གིས་སྐྱོང་བའི
བདེན་པའི་ལེགས་བཤད་བསྩོལ་བའི་ཨ་མ་ལགས་རེད
ང་དང་བཅས་པའི་སྤུན་བཞི་དང་ནུ་མོ་གཅིག་པུའི་ཨ་མ་རེད
ཨ་མ་རིག་བཟང་ལྷ་མོ་རེད
༢༠༠༢ལོའི་ཟླ༦པའི་ཚེས༩
རྩོམ་ཁུངས། ཁྱོད་རང་ཀློག་པར་སྤྲོ་བའི་སྙན་ངག