བསམ་ཡན་གྱི་ཕྱི་ཤུན།

ལུས་ཀྱིས་ཐེགས་པའི་ཁུར་བོ་སེམས་ཀྱིས་མི་ཐེགས །།

སེམས་པ་ཤོང་བའི་གནས་ལ་ལུས་པོ་མི་ཤོང་ །།

རང་ལ་འཚམ་པའི་གནས་ཤིག་འཚོལ་བར་བྲེལ་དུས །།

འཇིག་རྟེན་ཁམས་ནས་བདེ་མོའི་ལམ་ཞིག་རྙེད་ཐལ །།

ཁ་རྒྱབ་ལྟོ་ལ་སྲེད་པའི་གོམས་སྲོལ་འདི་ལ །།

རྒྱབ་ཀྱིས་ཕྱོགས་ནས་ཏིང་འཛིན་སྒོམ་ལ་མི་ཞུགས །།

 རོ་དྲུག་ཉམས་སུ་མྱོང་བའི་བདེ་སྣང་ཞིག་གིས །།

འཁོར་བའི་གནས་ལ་ལྷག་ཏུ་དུང་བ་སྐྱེས་སོང་ །།

ཚེ་གཅིག་འགྲོགས་རོགས་ཁྱིམ་གྱི་ཆུང་མ་ཞིག་ལ །།

ལུས་པོ་བརླན་ནས་ཡུན་རིང་སྡོད་དགོས་བྱུང་ཡང་ །།

སེམས་ཀྱིས་དམིགས་པ་བཟུང་བའི་རྒྱལ་ཁམས་གྲུ་བཞིར །།

གོམ་བགྲོད་ཐེངས་ཤིག་བྱེད་པའི་འདུན་པ་བཅངས་ཡོད  །།

སྣང་བ་སྐྱིད་པོའི་འཚོ་བར་ཁ་དོག་མི་འདུག

གོམ་པས་གཞལ་བར་བྱེད་པའི་ལམ་ཁ་ཞིག་ལ །།

སེམས་ཀྱིས་སྟ་གོན་བྱེད་པའི་ཆོ་ག་བསྒྲིགས་ན །།

བཙན་པོས་བཀའ་རྒྱ་གཏོང་བར་དོགས་པ་སྐྱེས་འོང་ །།

མི་ཚོགས་འཚང་ཁ་བྱེད་པའི་གྲོང་ཁྱེར་ཞིག་ནས །།

གཅིག་པུར་ལུས་པའི་ངལ་བ་བཟོད་པར་ནུས་ཀྱང་ །།

བཙན་པོས་འགྲམ་ལྕགགས་གཞུས་པའི་ཚ་ཁོལ་ན་ཁོལ །།

གསང་བར་སྦེད་དགོས་བྱུང་བ་ཇི་ལྟར་བཟོད་ཐུབ  །།

ཁ་ཡག་ངོ་བསྟོད་བྱེད་པའི་གྲོགས་པོ་དག་ལ །།

ཡུན་རིང་འགྲོགས་པའི་བརྩེ་བའི་འདུན་པ་མི་འདུག

ཁྱོད་བཟང་ང་བཟང་འགྲོ་བའི་གོམས་སྲོལ་འདི་ཡིས །།

སེམས་ཀྱི་གཏིང་ལ་མི་བཟོད་ན་ཟུག་བྱིན་སོང་  །།

ཕ་ཡུལ་ལུང་གཤོང་དམར་བོའི་ཁུག་སོ་ཞིག་ནས །།

ཀི་ཞིག་བཏབ་པ་གཞན་གྱི་སེམས་ལ་གནོད་ཐལ  །།

ཨ་ཕོས་རྡོག་པས་གནོན་པའི་ལ་དང་ལུང་བ །།

ཁུ་སིམ་སིམ་གྱིས་རྨི་ལམ་གཏོང་ས་མ་རེད   །།

གཞན་གྱི་རྗེས་ཤུལ་འདེད་པའི་རྒད་པོ་དག་ལ །།

མིག་དཔེ་བལྟས་ཏེ་འགྲོ་འདོད་བདག་ལ་མི་འདུག

རང་གིས་རྙེད་པའི་སེམས་ཀྱི་རྒྱལ་ཁམས་ཤིག་ནས །།

གོམ་བགྲོད་བྱེད་པའི་སྟ་གོན་སྔར་ནས་བསྒྲིགས་ཡོད །།

མི་བཟོད་ལུས་ཀྱིས་བཏེགས་པའི་ངལ་བ་འདི་ལ །།

འོ་དོད་འཐེན་ནས་དག་སེལ་བྱེད་ཐབས་མི་འདུག

རྩོལ་བས་སྒྲུབ་པའི་ལམ་གྱི་མཛེས་སྡུག་བསམ་ན །།

གྲག་མེད་འགུལ་མེད་འཆི་བར་དགའ་བོ་མི་འདུག

ཁྱོད་ཀྱིས་བཞེངས་པའི་ཕོ་བྲང་མཛེས་པོ་དེ་ལ །།

སེམས་ལ་མཁོ་བའི་ལོངས་སྤྱོད་ཏིལ་ཙམ་མི་འདུག

བདག་གིས་བརྩིགས་པའི་སྤྱིལ་བུ་ལེབ་མོའི་ནང་ན །།

ཉིད་ཀྱིས་བདེ་དགའ་མྱོང་བའི་དགའ་མ་ཞིག་ཡོད །།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་ཡན་གྱི་ཕྱི་ཤུན།

2010-01-23 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།