རྩེ་ཁོག
མཁར་གྲོང་ཆུང་ཆུང་ཞིག
ལུག་ཁྱུ་ཞིག་གམ ཡང་ན
ནོར་གནག་ཁྱུ་ཞིག་གི་དཀྱིལ་ནས་མངོན་བྱུང
མཐོ་དམའ་མི་སྙོམས་པའི་ཁང་རྩེག་དག་གིས
མགོ་བོ་དགྱེ་ནས་སུ་ཞིག་ལ་ཕེབས་སྒུག་ཞུ་བའམ
ཡང་ན སོ་ལྟ་བྱེད་པར་ཐལ
བགྲོད་ལམ་ཡོད་མེད་ལ་འབྲེལ་བ་ཅི་ཡང་མེད་པར
སྐུ་མགྲོན་ཚོ་སུན་སྣང་མེད་པར་ཕེབས་ཡོང
རྩེ་ཆུ་ཁོ་ན་དལ་འཇགས་སེ
བཞུར་གྱིན་མེད་པ་ལྟར་སྣང
སྐྱིད་རེའི་དབུ་རྩེར་དར་ལྕོག་གི་སྐྲ་ལོ་གཟེངས་ཤིང
ཡིག་འབྲུ་རེ་རེས་ཁོར་ཡུག་གི་ལུག་ཁྱུའམ ཡང་ན
རྫི་བོ་རེ་རེར་ཚང་རྩིས་རྒྱག་གིན་འདུག
2009.10.7
རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།