སྙན་ངག་པ་བཅུས་བྲིས་པའི་ཁ་བྱང་གཅིག་པའི་སྙན་ངག
ཆག་རོ།
ཁྱོད་ཀྱིས་ང་ལ་མ་སྨོད
ངས་ཀྱང་ཁྱོད་ལ་མི་སྨོད
འཇིག་རྟེན་འདི་ན་མི་སྨོད་མེད
ངས་ཤེས་པའི་གནས་དེ་ཁྱོད་ཀྱིས་མི་ཤེས
ཁྱོད་ཀྱིས་ཤེས་པའི་གནས་དེ་ངས་མི་ཤེས
---གང་བུ།
ལྕགས་ལ་སྦར་བའི་ཨུ་ཚུགས་སྨྱོན་པ་འདིས
རང་ལ་གནས་པའི་བདེན་པ་གཏོར་རེ་ཐལ
མེད་ན་བཙིར་བའི་ཞེ་སྡང་འཁྱོག་པོ་འདིས
སེམས་པ་ཕར་ལ་ཕྱོགས་པའི་སྡུག་ཅིག་བསྐྲུན
---མདའ་བཙན་པོ།
ཁ་སང་དེ་རིང་ངས་སའི་གོ་ལའི་རྩེ་མོ་ན་འགྱིང་བའི་ཇོ་མ་གླིང་མ་མཐོང་མི་འདོད
རིགས་རྒྱུད་ཅིག་གི་ཤ་ཁྲག་གིས་བཞེངས་པའི་པོ་ཏ་ལ་མཐོང་མི་འདོད
སྒྱུ་རྩལ་དང་མཛེས་པའི་ཀློང་དུ་འཐིམས་པའི་སྙན་ངག་གི་མི་རབས་གསུམ་པ་མཐོང་མི་འདོད
བརྩེ་སེམས་དང་ཞེ་སྡང་གིས་སྙིང་ཁ་བརླན་པའི་ང་རང་ཉིད་ཀྱང་མཐོང་མི་འདོད
---གུ་རུ་དོན་གྲུབ།
ན་གཞོན་ལགས
མིག་མདུན་གྱི་འཚོ་བ་འདིས་ཅི་བྱེད
དེ་བས
དོན་སྟོང་མིན་པའི་གླུ་ཞིག་ལོངས་དང
--མོག་ཟླ།
ཕྱེ་མ་ལེབ་ནག་པོ་ཞིག་གིས
ཕྱེ་མ་ལེབ་ཁྲ་བོ་ཞིག་ལ་གདོང་ག་གཞུ
འོན་ཀྱང་གཉིས་ཀ་ཕྱེ་མ་ལེབ་ཅིག་ཡིན་པས
ད་ལྟའི་སྟོན་དུས་འདིར་རླུང་གིས་འཁུར་ལ་ཉེ
--ལྷམ་ཀོག
ཁྱེད་ཀྱིས་ང་ལ་རྫུན་ལབ་ཀྱིན་འདུག
ཁྱོད་ཀྱིས་མཛུབ་མོས་ནམ་མཁའ་སྟོན་བཞིན
ལྷ་དང་ལྷ་མོ་ནམ་མཁའ་ན་ཡོད་ཟེར
ཁྱེད་ཀྱི་མིག་གིས་ངའི་གདོང་ལ་ཅེར་བཞིན
དད་པ་ཡོད་ན་ལྷ་དང་ལྷ་མོས
ནམ་ཡང་ང་ཚོར་ཐུགས་རྗེའི་སྤྱན་གྱིས་གཟིགས་ཡོད་ཟེར
--མར་ཁུ་རྒྱལ་མཚན།
ཆང་ཕོར
དམ་བུ
མི་རིགས མི་རིགས

མི་རིགས
ཟུངས་ཁྲག
--བྱང་སྒྲ་སྙན།
ཨཱ། ང་ཡི་ལྷ་ཆེན། ང་ཡི་གྲོང་ཚོ། སྤྲིན་དཀར་གྱི་འདབ་མ་ལྟ་བུའི་ང་ཡི་རྣམ་ཤེས་ཨང༌།
སུ་ཞིག་གི་བསླུ་བྲིད་ཁྲོད་སྐྲ་ཉག་གི་མྱ་ངན་རྒྱབ་ཏུ་དཔྱངས་པའི་ཉེས་ཅན་དེ་ང་རང་ཡིན་ནམ
ཡང་ན། མུན་ནག་གོས་སུ་གྱོན་ཏེ་ལོ་ཟླའི་ཕ་རོལ་ནས་སྒུལ་འོང་བའི་ནམ་ཟླ་སྐྱ་བོ་དེ་ལ་སྒུག་མཁན་ཀྱང་ང་རང་ཡིན་ནམ
ཨཱ། ང་ཡི་ཟུངས་ཁྲག ང་ཡི་བླ་རྡོ་ཨང༌།
--ས་དཀྱིལ་ཚེ་བཀྲ།
ཚོར་བ་འདི་བརླན་གྱིས་བཟུང་བའི་མི་སེམས་དེ་ཡིན་ན
ངས་འཇིག་རྟེན་གྱི་བུད་མེད་མཐའ་དག་གི་མངལ་སྒོར་ལྕགས་ཟྭ་ཞིག་བརྒྱབ་ནས
རང་གི་འདོད་པ་ཁས་ལེན་པའི་བར་དུ
སུ་ལའང་བདེན་ལུགས་ཀྱི་ལྡེ་མིག་དེ་སྟེར་མི་འདོད
--རེ་རྐང་གླིང༌།
སྨད་གཡོགས་མ་གོན་པའི་ཡར་སྔོན་དུ
བླ་རྒན་དེ་གཏན་ནས་འགྲོ་མི་སྲིད
གྲོགས་པོ མུ་མཐུད་དུ་ཆང་འཐུངས་ཤིག
ཆང་ཕོར་གྱི་ཁ་ན་བརྩེ་བ་འཕྱུར་གྱིན་འདུག
--ཁུ་བྱུག་སྔོན་མོ།

2009ལོའི་ཟླ་10པའི་ཚེས་5ཉིན་གྱི་དགོང་མོར་རེབ་གོང་རོང་བོ་གྲོལ་རྡལ་དུ།
གོང་གསལ་སྙན་ཚོམ་འདི་རྨ་ལྷོ་ས་ཁུལ་གྱི་སྙན་ངག་པ་འགའ་ཞིག་མཉམ་འདུས་ཀྱིས་ཁ་བརྡ་གློད་དུས་སུ་རྩོད་པ་ཐལ་ཆེ་བའི་དབང་གིས་ཕྱེ་སྟེ། བསམ་བཞིན་མི་གཅིག་གིས་ཚིག་རྐང་བཞི་རེ་འབྲི་རྒྱུའི་འཆར་གཞི་ལྟར་བྲིས་པ་ཞིག་ཡིན་ལ། ཚིག་རྐང་བཞི་རྒལ་བའི་མི་དག་ལ་དམངས་སྒོར་ཉི་ཤུའི་དངུལ་ཆད་བཅད་པས་ན་རྩོམ་ཆོས་འདི་ཉིད་དུས་རབས་རིམ་བྱུང་གི་རྩོམ་འབྱུང་ལོ་རྒྱུས་རྣམས་སུ་སྙན་ངག་རྐང་མང་པོ་བྲིས་ན་དངུལ་ཆད་གཅོད་པའི་བྱ་འགུལ་ཨང་དང་པོ་དེ་ཡིན་ངེས་མོད། རོལ་རྩེད་འདིའི་མཐའ་རུ་ཟེགས་པའི་སྒུལ་ཤུགས་གཞན་ཞིག་ནི། ནམ་དུ་ཡང་ཇ་ཁ་ཆང་ཁ་ནས་སྙན་ངག་པ་སུ་སུ་ཞིག་རྒྱན་རབ་དང་སུ་སུ་ཞིག་ཙོག་རབ་ཀྱི་ནང་དོན་དེ་དང༌། ངོ་གདོང་དམར་ནག་ཏུ་འགྱུར་རག་ཏུ་རྩོད་པ་བྱེད་ཞོར་དང་མཛུབ་གུ་འཕེན་ཞོར་བྱེད་པའི་སྣང་ཚུལ་དེ་རིགས་ལ་འགྱུར་བ་བཟོ་ཐུབ་པའི་མི་སྤྱོད་ཀྱི་ཡ་རབས་གཤིས་ཀ་ཞིག་བཏེགས་ནས་ཡོད་པ་དེ་རེད།
རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།