ཡར་ཀླུང་ཁུལ་གྱི་ཁ་བྱང་གཅིག་པའི་སྙན་ངག༡

རྒོད་རྒྱལ་བློ་ཕུན་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-20

ཟླ་བ་བཞུད་སོང༌།   ང་རང་འགྲོ་རན། 

                                       རྒོད་རྒྱལ་བློ་ཕུན།
 
འཇིག་རྟེན་འདིར་བསིལ་པ་བསྩོལ་བའི་ཟླ་བ་བཞུད་སོང
སྦར་མྱུལ་གྱི་ཁྲོད་དུ   ངའི་མིང་ནས་འབོད་མཁན་ཁྱོད་གཅིག་པུ་མ་ཡིན
 
ས་གཞི་འདིའི་ལྷིང་འཇགས་སྲུང་བའི་ཟླ་བ་བཞུད་སོང
འུར་ཆ་དང་རྣ་ལོགས་ཀྱི་མཚམས་ནས་ངུ་སྐད་ཡང་ཡང་སྒྲོག་མཁན་ནི
ང་ཡིན་ཏེ་ཁྱོད་ཀྱང་ཡིན་ནོ
 
མི་ཡུལ་འདིར་སྣང་བ་འབྱེད་པའི་ཟླ་བ་བཞུད་སོང
སྒོ་ཁར་མཚན་མོ་སླེབས་པས་ཇག་ཚོགས་ཀྱིས་སྒོ་ཁའི་འགྲམ་ནས 
སྟར་གྲི    བཤན་གྲི    དམར་གྲི  
 
ང་འགྲོ་རན་སོང    གནས་འདི་ནས
སུ་ལའང་སྐད་ཆ་ཞིག་བཞག་མེད་ལ་བཞག་དགོས་དོན་ཡེ་ནས་མེད
                                           ༢༠༠༩ལོའི་ཟླ་༡༢ཚེས༠༩ཉིན་དགོང་མོར་ས་མཐའ་ནས།
 
    ཟླ་བ་བཞུད་སོང༌།  ང་ཡང་འགྲོ་རན།
 
                                      གཉལ་ཟླ་དགྲ།
 
སྐྱ་མདའ་དང་ཉི་འོད་ཀྱི་རུ་ཚོགས་ཁྲོད་དུ།
ཁྱོད་ཀྱི་འོད་སྣང་འཇིག་རྟེན་ནས་འབུད་སོང༌།
མཁའ་དབུགས་ཀྱི་བང་རིམ་མཐུག་པོས་བཏེགས་པའི།
ཆུ་ལྷའི་འཁྱགས་བསིལ་གྱི་བར་སྟོང་ཕྲ་མོར།
ཅི་ཞིག་གི་སྐྱེངས་པ་མི་བཟོད་པའི་ངའི་སྙིང་སྡུག་མ།
མདང་ནུབ་ལྟ་བུའི་འཇམ་ཐིང་ཐིང་གི་རྣམ་ཤེས་དེ་དཀྲོགས་པས།
ཞོགས་པ་འདིར།
ཁྱོད་རྒྱབ་རིའི་ཕར་ཕྱོགས་སུ་འགྲེལ་པ་མེད་པར་འཐིམ།
ཟླ་བ། ངའི་ཚེ་བསོད་འཕེལ་གྲིབ་ཀྱི་དན་རྟགས།
ཁྱོད་བཞུད་སོང་བས།
ང་ཡང་རང་ཁྱིམ་དོག་མོའི་ཕང་བར་ལོག་རན།
 
   ཟླ་བ་བཞུད་སོང༌།   ང་རང་ཡང་འགྲོ་རན།
 
                                                    ཤེའུ་ཀུན་དཔལ།
 
མཐོ་སྒང་གི་བྲང་ཁར་ནུ་འབུར་ལྟར་འགྱིངས་བའི་རི་སྒང་ནས།
དུང་དང་འདྲ་བའི་བཅོ་ལྔའི་ཟླ་བས་ས་གཞིའི་ངོ་གདོང་བརླན།
འོད་ཐིགས་རེ་རེ་བྱ་སྤུ་བཞིན་ལུས་སེམས་ནང་ཐིམ་ཡོང་དུས།
ཚོར་བ་འདི་བུ་རམ་བཞིན་ཅི་འདྲའི་ཞིམ་མངར་ཞིག་རེད་ཨང༌།
 
དོ་ནུབ་ཀྱི་ཟླ་བ།    ཚེས་ཆེན་བཅོ་ལྔའི་ཟླ་བ།
ནམ་མཁའི་སྤང་ཁ་ན་ཐོར་བའི་ལུག་ཁྱུ་ལྟ་བུའི་སྐར་ཚོགས་ཁྲོད།
གོ་ལའི་སྐེད་དུ་འཁྲིལ་བའི་དགུ་ཚིགས་ཀྱི་བསང་དུད་ཁྲོད།
གནས་འདིའི་མཛེས་སྡུག་ཡོད་ཚད་ཀྱི་སྙིང་པོའི་ནང་གི་སྙིང་པོ།
 
ཟླ་བ།      རྩྭ་ཐང་གི་མཐོངས་ཡངས་ནས་འཛུམ་མེར་བཞད།
རྩྭ་ཐང༌།   ཟླ་བའི་ཟེར་ཐིགས་ཁྲོད་ཞི་འཇམ་ངང་འཁྱིལ།
དོ་ནུབ་ཟླ་བ་ཡོད་པས་རྩྭ་ཐང་དང་དེའི་མགོ་ཐོག་གི་གངས་རི།
ལུག་རྫི་བུ་མོའི་བཞིན་དཔལ་ལྟར་ཅི་འདྲའི་མཛེས་ཤིང་སྡུག་ཨང༌།
 
སྐར་མའི་ལུགས་ཁྱུ་བཤགས་ནས།    དགུ་ཚིགས་ཀྱི་ལམ་བུ་བསྐྱུར་ནས།
ཟླ་བ།   མཚན་ལམ་ཀྱི་ཁ་དོག་མང་པོ་ཞིག་ལ་རྫོགས་ཚིག་བཀོད་ཀྱིན།
དྲན་སེམས་དང་ཕྱིར་འདང་ཅི་ཡང་མེ་པར་ཐོན་སོང༌།
ཟླ་བ་དེ་ལྟར་ཐོན་རྗེས།    ང་རང་ཡང་འགྲོ་དགོས་པ་བློ་ལ་འཁོར།
 
ཟླ་བས་སྦྱིན་བའི་ཚོར་བ་འདི་ཅི་འདྲའི་ཁ་དོག་དོས་ཀྱང༌།
རྒྱང་ཐག་མི་རིང་བའི་སང་ཉིན་གྱི་སྐྱ་རེངས་ང་ལ་ཕྱོགས་ཡོད་པས།
ཉིན་དཀར་འཇིག་རྟེན་གྱི་མཛེས་སྡུག་མཚན་ལྗོངས་འདི་ལས་ལྷག་པ།
ང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།  སེམས་གཏིང་ནས་ཡིད་ཆེས་ཀྱིས་ཁེངས་ཡོད།

            ཟླ་བ་བཞུད་སོང༌།    ང་རང་འགྲོ་རན།
 
                                          ཡར་ཀླུང་སྙན་པོ་དབྱངས་གྲོལ།
 
                          ༡
                                              —ཟླ་བ་ཁོང་ལ་ཕུལ་བ།
ནམ་མཁའ་ལ་ཆག་གྲུམ་ཤོར་བའི་ལོ་ཟླའི་ནང
ཟླ་བའི་མིག་ཆུས་ངའི་གཙང་པོ་བརླན
གྲུ་ཁ་སོ་སོ་ན      སྐག་ཅོར་གྱི་སློང་འགྱེལ་མཐོངས་ལ་མཆེད
 
བླ་མཁར་གྱི་འུར་རྡོག་རྨང་ནས་འགྱེལ་དུས
མིག་ཀོང་ལས་ཁྲག་དམར་འཛགས་མཁན་ང་གཅིག་པུ་མིན
 
མགོ་ཐོག་གི་ནམ་མཁའ་སྔར་ནས་ས་ལ་འཐིམས་ཟིན་པས
སྐད་ཆས་རང་ཉིད་ཀྱི་མགྲིན་པ་བཙིར་གྱིན་འདུག
ད་ནི་ང་རང་འགྲོ་རན      འགྱུར་བཞིན་པའི་ངོ་གདོང་ཇེ་མང་རེད
                          ༢
                                      —ངའི་ཕ་མེས་ཚོར།
ཟང་ཟིང་དང་ནག་ཉེས     ད་དུང་ཉིན་བྱེད་ཀྱང
ཟླ་འོད་ཀྱིས་ཁོག་ཏུ་མིད་རྗེས
བརྩེ་དུང་གི་ལམ་ངོགས་སུ
མེ་ཏོག་གི་བསུང་ཞིམ་ཁོ་ན་རིང་དུ་མཆེད
 
ཤིང་སྒོ་ཆུང་ཆུང
མུན་ནག་གི་ཁྲོད་དུ་འོད་ཀྱི་གོང་བུ་ལས་གྲུབ
དོ་ནུབ་ཀྱང    སྒེའུ་ཁུང་གི་གསང་རས་ངོས་སུ
དགའ་མོའི་ངང་སྒུག་གི་མཛེས་པ་བབས  
 
ཟླ་འོད་ཀྱི་མལ་ཁྲིར   
ངའི་ཕ་མེས་ཀྱི་བཀག་རྒྱ་མེད     ལེ་ཁག་མེད    ད་དུང་ཚུལ་འཆོས་མེད
འོན་ཀྱང་ཟླ་འོད་ནུབ་དུས    ང་རང་འགྲོ་རན་སོང
                            ༣
                                    —རང་ཉིད་ལ་བྲིས་པ།
ངའི་རེ་སྨོན་གྱི་ཞིང་ལ་ཟླ་འོད་ཀྱིས་བརྒྱན་ཡོད
འཚུབ་དྲག་པའི་ལོ་ཟླའི་ནང  
རུལ་དྲི      སྤྲང་པོ་ཚོའི་ལག་མཐིལ་ནས་ཀྱང་འཕུར
 
ལྷིང་འཇགསཀྱི་གནས་མལ་དྲོན་མོ་དེའི་ཆེད་དུ
རུས་པ་དང་རྣམ་ཤེས     སྲང་མདོའི་ཁྱི་རྒན་གྱི་སོ་བར་ནས་བརླགས
 
མི་རྣམས་ལ་ངོ་གདོང་མི་འདུག   
ང་རང་རང་བྱུང་གི་པང་དེར་ལོག་རན
ཟླ་འོད་ཀྱིས་བརྒྱན་པའི་གངས་གྲོང་དེར་ལོག་རན
              ༢༠༠༩ལོའི་༡༢པའི་༡༡ཞོགས་པ་སྐྱིད་ཆུ་གཙང་འགྲམ་ནས་ཕྱི་ལྟས་སློག་གིན་དུ་སྤུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡར་ཀླུང་ཁུལ་གྱི་ཁ་བྱང་གཅིག་པའི་སྙན་ངག༡

2010-01-20 རྒོད་རྒྱལ་བློ་ཕུན་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།