ཆར་བའི་ཁྲོད་ཀྱི་ཆར་གདུགས་དམར་པོ་དང་དེའི་འགབ་ཀྱི་ང་དང་ཁོ་མོ།


ཆར་བ་དེ་འབབ་ཚོད་ཅིག་ལ་བབས་ནས
ཆར་གདུགས་དམར་པོས
ང་དང་ཁོ་མོའི་དབར་ཐག་ཇེ་ཐུང་དུ་བཏང
ད་ནི་ཁེར་རྐྱང་དོར་བའི་བག་ཆགས་ཤིག་ལ
ཐེངས་རྗེས་མའི་དུས་ཆད་དེའང
ཆར་བ་འབབ་པའི་ས་སྲོད་ཅིག་ལ་དེད

ཆར་ཐིགས་ཀྱིས་རྨ་ཆུའི་ངོ་གདོང་སྔར་ནས་བརླན་ནའང
བྱེ་སྒང་ཞིག་རླུང་གིས་འཁུར་བ་ལྟ་བུའི་
དེ་སྔོན་གྱི་བཞིན་རས་ལ་འགྱུར་བ་གང་ཡང་མ་བྱུང
ཡིན་ཀྱང ཆར་གདུགས་འགབ་ཀྱི་མིག་ཟུང་དེའི་མདུན་ཐད་ན
སྔོ་ལྟེམ་ལྟེམ་དུ་འབབ་ཀྱིན་འདུག

ཆར་གདུགས་ཀྱི་འདབ་ཀ་ནས
ཆར་ཟུམ་གྱིས་ཤུབ་ཤུབ་ཏུ་གཤོག་རྡེབ་བྱེད
དེ་རིང་ང་ཆར་གདུགས་འདིའི་ཕྱི་ལོག་དང་འབྲེལ་བ་མེད་པས
ཆུ་ཚོད་ཀྱི་བཞུར་རྒྱུན་ལ་ཕངས་འགྱོད་དང་ཤོར་ལྟ་མེད
འཇིག་རྟེན་གྱི་ཙག་ཙིག་ལ་བསམ་གཞིགས་དང་མིག་ཆུ་ཡང་མི་ཤོར

སྐབས་སྐབས་སུ་རླུང་རེ་ལྡིང་འོང་བ་ཡང་སིལ་ཏོག་ཅིག
ཁོ་མོའི་སྐྲ་ལོ་བཞིན་ངའི་འགྲམ་ངོས་དག་ལ་བྱིབས་བྱིབས་བྱེད་ཀྱིན 
གཡོར་གྲུ་ཆུང་ཆུང་ཞིག
རྨ་ཆུའི་པང་ངོས་ནས་ཐད་ཀར་ལྷོ་ཕྱོགས་སུ་འཐེན
རྨ་ཆུའི་སྒལ་གཞུང་དུ་བློར་མི་འབབ་པའི་རྨ་ཤུལ་ཅི་ཡང་མ་བཏོད་ནས

དམ་པའི་གསུང་རབ་དུ
སྐྱེས་མ་ནི་སྐྱེས་པའི་ལུས་སྟེང་གི་དུམ་བུ་ཞིག་བཅད་དེ་བྱས་པ་ཡིན་ཟེར
ཁོ་མོ་ནི་ངའི་ལུས་སྟེང་ནས་བཅད་སོང་བ་དེ་ཡིན་ནམ
ཡིན་ཀྱི མོ་རང་ལོ་གཉིས་ཀྱི་སྔོན་དུ་ལིང་ཇུར་ཐོན་ནས
ད་རག་དུ་ལུས་པོ་ཡི་དུམ་བུ་གཞན་པ་དེར་བསྒུག་ཟེར

བརྩེ་གདུང་ནི བློ་ཁོག་གུ་དོག་པའི་བུ་མོ་ཞིག
རྫུན་གཏམ་བ་སྤུ་ཙམ་ཞིག་གི་སྣེ་མོ་ཡང་དང་ལེན་བྱེད་མི་སྤོབས
ངས་བཤད་འདོད་པ་དག་བཤད་ཚར་རྗེས
བཤད་མ་བསམ་པ་དག་ཀྱང་ག་ལེར་ལབ
ཏགཏག དེ་ཡང་མོས་ཉན་འདོད་པ་ཡོད་དེ་ཡིན་འདུག

ཆར་བ་འདིའི་འང་ཅི་ཞིག་གོ་སོང་བ་ནང་བཞིན
འཇམ་ལྷོད་ལྷོད་དུ་བབས་ནས
ཆར་གདུགས་དམར་པོའི་རྨི་ལམ་ལ་འོ་ཡང་ཡང་བྱས
དེ་རིང་ང་ཆར་གདུགས་དམར་པོ་འདིའི་ཐུ་འོག་ལ་བཀུམ་ནས
ཆར་རྗེས་ན་འཛུམ་གྱིན་འོངས་པའི
ཁོ་མོ་ལྟ་བུའི་འཇའ་ཚོན་དེར་སྒུག་ནས་ལུས་ན་སྙམ་ཨང

                                ༠༩ ༠༩ ༡༩ཉིན་རྨ་ཆུའི་འགྲམ་དུ།

 

 


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བའི་ཁྲོད་ཀྱི་ཆར་གདུགས་དམར་པོ་དང་དེའི་འགབ་ཀྱི་ང་དང་ཁོ་མོ།

2010-01-18 གླག ཀློག་གྲངས། མཆན ཡོད།


ཆར་བ་དེ་འབབ་ཚོད་ཅིག་ལ་བབས་ནས
ཆར་གདུགས་དམར་པོས
ང་དང་ཁོ་མོའི་དབར་ཐག་ཇེ་ཐུང་དུ་བཏང
ད་ནི་ཁེར་རྐྱང་དོར་བའི་བག་ཆགས་ཤིག་ལ
ཐེངས་རྗེས་མའི་དུས་ཆད་དེའང
ཆར་བ་འབབ་པའི་ས་སྲོད་ཅིག་ལ་དེད

ཆར་ཐིགས་ཀྱིས་རྨ་ཆུའི་ངོ་གདོང་སྔར་ནས་བརླན་ནའང
བྱེ་སྒང་ཞིག་རླུང་གིས་འཁུར་བ་ལྟ་བུའི་
དེ་སྔོན་གྱི་བཞིན་རས་ལ་འགྱུར་བ་གང་ཡང་མ་བྱུང
ཡིན་ཀྱང ཆར་གདུགས་འགབ་ཀྱི་མིག་ཟུང་དེའི་མདུན་ཐད་ན
སྔོ་ལྟེམ་ལྟེམ་དུ་འབབ་ཀྱིན་འདུག

ཆར་གདུགས་ཀྱི་འདབ་ཀ་ནས
ཆར་ཟུམ་གྱིས་ཤུབ་ཤུབ་ཏུ་གཤོག་རྡེབ་བྱེད
དེ་རིང་ང་ཆར་གདུགས་འདིའི་ཕྱི་ལོག་དང་འབྲེལ་བ་མེད་པས
ཆུ་ཚོད་ཀྱི་བཞུར་རྒྱུན་ལ་ཕངས་འགྱོད་དང་ཤོར་ལྟ་མེད
འཇིག་རྟེན་གྱི་ཙག་ཙིག་ལ་བསམ་གཞིགས་དང་མིག་ཆུ་ཡང་མི་ཤོར

སྐབས་སྐབས་སུ་རླུང་རེ་ལྡིང་འོང་བ་ཡང་སིལ་ཏོག་ཅིག
ཁོ་མོའི་སྐྲ་ལོ་བཞིན་ངའི་འགྲམ་ངོས་དག་ལ་བྱིབས་བྱིབས་བྱེད་ཀྱིན 
གཡོར་གྲུ་ཆུང་ཆུང་ཞིག
རྨ་ཆུའི་པང་ངོས་ནས་ཐད་ཀར་ལྷོ་ཕྱོགས་སུ་འཐེན
རྨ་ཆུའི་སྒལ་གཞུང་དུ་བློར་མི་འབབ་པའི་རྨ་ཤུལ་ཅི་ཡང་མ་བཏོད་ནས

དམ་པའི་གསུང་རབ་དུ
སྐྱེས་མ་ནི་སྐྱེས་པའི་ལུས་སྟེང་གི་དུམ་བུ་ཞིག་བཅད་དེ་བྱས་པ་ཡིན་ཟེར
ཁོ་མོ་ནི་ངའི་ལུས་སྟེང་ནས་བཅད་སོང་བ་དེ་ཡིན་ནམ
ཡིན་ཀྱི མོ་རང་ལོ་གཉིས་ཀྱི་སྔོན་དུ་ལིང་ཇུར་ཐོན་ནས
ད་རག་དུ་ལུས་པོ་ཡི་དུམ་བུ་གཞན་པ་དེར་བསྒུག་ཟེར

བརྩེ་གདུང་ནི བློ་ཁོག་གུ་དོག་པའི་བུ་མོ་ཞིག
རྫུན་གཏམ་བ་སྤུ་ཙམ་ཞིག་གི་སྣེ་མོ་ཡང་དང་ལེན་བྱེད་མི་སྤོབས
ངས་བཤད་འདོད་པ་དག་བཤད་ཚར་རྗེས
བཤད་མ་བསམ་པ་དག་ཀྱང་ག་ལེར་ལབ
ཏགཏག དེ་ཡང་མོས་ཉན་འདོད་པ་ཡོད་དེ་ཡིན་འདུག

ཆར་བ་འདིའི་འང་ཅི་ཞིག་གོ་སོང་བ་ནང་བཞིན
འཇམ་ལྷོད་ལྷོད་དུ་བབས་ནས
ཆར་གདུགས་དམར་པོའི་རྨི་ལམ་ལ་འོ་ཡང་ཡང་བྱས
དེ་རིང་ང་ཆར་གདུགས་དམར་པོ་འདིའི་ཐུ་འོག་ལ་བཀུམ་ནས
ཆར་རྗེས་ན་འཛུམ་གྱིན་འོངས་པའི
ཁོ་མོ་ལྟ་བུའི་འཇའ་ཚོན་དེར་སྒུག་ནས་ལུས་ན་སྙམ་ཨང

                                ༠༩ ༠༩ ༡༩ཉིན་རྨ་ཆུའི་འགྲམ་དུ།

 

 


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།