ཆར་བ་འབབ་སྟངས་གཞན་ཞིག

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-18


ནམ་རྒྱུན།

ཟང་
ཟིང་འཁྲིགས་པའི་གྲོང་ཁྱེར་འདིར།
ཆར་
བ་རྟག་པར་འབབ་ཅིང་
ཆར་
བ་འབབ་ཐེངས་རེ་རེར།
ལྗོན་
ཤིང་གི་ལོ་མ་རྣམས་དག་ཅིང་གཙང་བའི་སྙན་ངག་རེ་རེར་འགྱུར་འགྲོ།
མི་
རྣམས་ཀྱི་སེམས་ཁམས་ཀྱང་ལྷོད་ཅིང་བདེ་བའི་ཚོར་བ་ཡིས་ཟིན་འགྲོ

དེ་དུས།
སྨུག་
སྤྲིན་བན་བུན་གྱིས་མཚོ་དང་མཚེའུའི་འགྲམ་ངོགས་ཁེབས་ཤིང་། 
འདམ་
རྩྭའི་ཁྲོད་དུ་ངང་ངུར་ཆགས་པས་གཟིར་བའི་འཁུན་སྒྲ་ཡང་ཐོས་ཐུབ།  

དེ་རིང་
གནམ་
གཤིས་གྲང་ཞིང་རླུང་བུ་ལྡང་
སྤྲིན་
པ་སྟུག་ཅིང་མི་སེམས་སྐྱོ།
ལས་
ཀ་ཤོར་བའི་མི་ཚོགས།
འོད་
མདངས་ཉམས་པའི་མིག་ཟུང་
ལོ་
འདབ་གཅིག་ཀྱང་མེད་པའི་ཤིང་སྡོང་གི་འཇིག་རྟེན།
རོལ་
མོ་བ་དང་སྙན་ངག་པ་དག་ཀྱང་
གཙང་
འགྲམ་དེར་གཅེར་བུར་འདུས་ནས།
སེམས་
ཁོང་གི་སྡུག་གཏམ་དག་གླུ་རུ་གྱེར་ཅིང་ཤོག་བུར་བསྟིམས།

རླུང་བུའི་ཁྲོད་དུ།
ཆར་
བའི་ཀློང་དུ།
མི་
སེམས་སྨྲེང་བའི་གཟུགས་མེད་ཀྱི་ཚོར་བའི་ན་བུན།
མི་
སྲོག་གཅོད་པའི་སྐྱོ་གདུང་གི་དུག་ཚེར་རྣོན་པོ།
རེ་
རེ་བཞིན། ག་ལེར།
ཆར་
བའི་འགྲོས་དང་བསྡོངས་ནས།
རྒྱ་
མཚོ་དང་རི་ཚོགས།
ནགས་
ཀློང་དང་གྲོང་ཁྱེར་སོགས།
རབ་
རིབ་ཡོད་ཚད་བརྒལ་ནས།
ཚེ་
སྲོག་གི་མཐའ་མཇུག་བར་དུ།
ཡང་
སྐྱར། ཡང་སྐྱར།
གཏིང་
ཟབ་པའི་ནམ་མཁའ་ནས་འབབ་ཀྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བ་འབབ་སྟངས་གཞན་ཞིག

2010-01-18 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།


ནམ་རྒྱུན།

ཟང་
ཟིང་འཁྲིགས་པའི་གྲོང་ཁྱེར་འདིར།
ཆར་
བ་རྟག་པར་འབབ་ཅིང་
ཆར་
བ་འབབ་ཐེངས་རེ་རེར།
ལྗོན་
ཤིང་གི་ལོ་མ་རྣམས་དག་ཅིང་གཙང་བའི་སྙན་ངག་རེ་རེར་འགྱུར་འགྲོ།
མི་
རྣམས་ཀྱི་སེམས་ཁམས་ཀྱང་ལྷོད་ཅིང་བདེ་བའི་ཚོར་བ་ཡིས་ཟིན་འགྲོ

དེ་དུས།
སྨུག་
སྤྲིན་བན་བུན་གྱིས་མཚོ་དང་མཚེའུའི་འགྲམ་ངོགས་ཁེབས་ཤིང་། 
འདམ་
རྩྭའི་ཁྲོད་དུ་ངང་ངུར་ཆགས་པས་གཟིར་བའི་འཁུན་སྒྲ་ཡང་ཐོས་ཐུབ།  

དེ་རིང་
གནམ་
གཤིས་གྲང་ཞིང་རླུང་བུ་ལྡང་
སྤྲིན་
པ་སྟུག་ཅིང་མི་སེམས་སྐྱོ།
ལས་
ཀ་ཤོར་བའི་མི་ཚོགས།
འོད་
མདངས་ཉམས་པའི་མིག་ཟུང་
ལོ་
འདབ་གཅིག་ཀྱང་མེད་པའི་ཤིང་སྡོང་གི་འཇིག་རྟེན།
རོལ་
མོ་བ་དང་སྙན་ངག་པ་དག་ཀྱང་
གཙང་
འགྲམ་དེར་གཅེར་བུར་འདུས་ནས།
སེམས་
ཁོང་གི་སྡུག་གཏམ་དག་གླུ་རུ་གྱེར་ཅིང་ཤོག་བུར་བསྟིམས།

རླུང་བུའི་ཁྲོད་དུ།
ཆར་
བའི་ཀློང་དུ།
མི་
སེམས་སྨྲེང་བའི་གཟུགས་མེད་ཀྱི་ཚོར་བའི་ན་བུན།
མི་
སྲོག་གཅོད་པའི་སྐྱོ་གདུང་གི་དུག་ཚེར་རྣོན་པོ།
རེ་
རེ་བཞིན། ག་ལེར།
ཆར་
བའི་འགྲོས་དང་བསྡོངས་ནས།
རྒྱ་
མཚོ་དང་རི་ཚོགས།
ནགས་
ཀློང་དང་གྲོང་ཁྱེར་སོགས།
རབ་
རིབ་ཡོད་ཚད་བརྒལ་ནས།
ཚེ་
སྲོག་གི་མཐའ་མཇུག་བར་དུ།
ཡང་
སྐྱར། ཡང་སྐྱར།
གཏིང་
ཟབ་པའི་ནམ་མཁའ་ནས་འབབ་ཀྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།