ཞོགས་པ།
མཚན་མོ་དེའི་རྨི་ལམ་མིན་ན
ང་ལ་ཁྱོད་ཀྱིས་འབོད་པ་ནི་ཉི་འོད་དང་དེ་ཕོའི་ལ་གཞས
ཡིན་ན་ཡང་སྐར་མ་དང་ཟླ་བ་ཆས་པའི་རོལ་དབྱངས
སུ་ལའང་གསང་བའི་ལོངས་སྤྱོད་ཅིག་གི་སྡུག་བསྔལ
ངས་ད་དུང་མལ་ཐུལ་གྱོན་ན་འདོད
ངས་ད་དུང་རྨི་ལམ་འཇིག་རྟེན་འགྲིམས་ན་བསམ
ཞོགས་པའི་སྐར་ཚོམ་དེ་དག་ཡལ་བ་ནི་དཔྱིད་ཀའི་མེ་ཏོག་ཅིག
བདག་གི་ཨ་མ་ད་དུང་ལྕི་བའི་མཁར་རྫོང་དུ་ལུས་འདུག
དེ་ནི་མེ་ཏོག་གི་སྐྱེལ་ཚལ་ནས་ཞབས་བྲོ་ལྡང་ཚུལ་དང
ཟོག་ལྷས་ཤིག་ནས་ལ་གཞས་གྱེར་སྟངས
༢༠༠༩/༤/༢༦
རྩོམ་ཁུངས། ངེད་དྲ་བ།