རྨི་ལམ་འཁུར་བའི་ཤིང་བཟའ་ཨ་སྒྲོན
(Tdg—ZhuoMa) Lབྲིས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ནམ་རྒྱུན་སུན་སྣང་གིས་སྡོད་མི་ཚུགས་པའི་རང་ཉིད་བླ་མཚོའི་ཁ་རུ་སོང་སྟེ ཁྱོད་ལ་སྒུག་པའི་དུས་ཚོད་གྲངས་ལས་དབེན ནམ་ཞིག བདག་གི་ཚེ་སྲོག་སྐྱོར་བའི་དབུགས་འདི གློ་བུར་དུ་མཚོ་མོའི་རླབས་དང་མཉམ་དུ་ཆད་སོང་ན ཁྱེད་ཀྱིས་གཏན་དུ་བརྗེད་མི་ཉན་པ་ནི་ངས་ཁྱོད་ལ་བྱིན་པའི་གཡུ་ཡི་བླ་རྡོ་དེ་ཡིན
དེས་ཁྱེད་ཀྱི་རྣམ་ཤེས་ལ་དུས་ལྟར་འཁྲེང་གཞས་དཀྲོལ་སྲིད་ལ་རྨི་ལམ་ཡང་རྨིས་སྲིད
དེ་ནི་ང་ཡིན
གལ་ཏེ ནམ་ཞིག་མིའི་རིགས་ཀྱི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་ན
དེ་ནི་སྲིད་པའི་ཆོས་ཉིད་ཀྱི་ཕམ་ཁ་ཡིན་ལ
བདེན་པའི་གནས་ལུགས་ཀྱི་ཤེས་རབ་ཡིན་སྲིད
ཡིན་ཡང དུས་གཏན་དུ་རང་ཉིད་འབོར་མི་རུང
ངའི་སེམས་ཁོང་གི་ཤིང་བཟའ་ཨ་སྒྲོན
མཚམས་ལན་རེ་ངའི་རྨི་ལམ་དུ འདི་འདྲའི་ལན་ཆགས་ཀྱི་འཚོ་བའི་མདོག་ཞིག་འཆར་གྱིན་འདུག
ཡིན་ཡང ང་ནམ་ཡང་ཕམ་མི་སྲིད ལོ་རྒྱུས་གནས་ཚིགས་ཀྱི་སྦྲ་ནག་འཐབ་ཚང་ན
ཞྭ་མོ་དམར་པོའི་དམ་ཚིག་ཡོད་སྲིད
2010 3 17 ཉིན་ཆུ་མིག་ལྔ་ལྡན་གྲོང་ཁྱེར་ཆེན་མོ་ནས།
རྩོམ་ཁུངས། ངེད་དྲ་བ།