ས་ཆེན་གྱི་རྨི་ལམ་སྒུམ་པའི་བྱང་ཕྱོགས་འཇོལ་མོ།

ས་ཆེན་པོའི་ཚེར་མའི་ནགས་གསེབ་ན
ཧ་ཅང་ལྷིང་འཇགས་ཀྱིས་འཚོ་དུས
རླུང་འཚུབ་དེས་བསྐྱལ་འོངས་པའི་ཡིག་ནོར་གྱི་ཤོག་ལྷེ་མང་པོ་ཞིག
སྟོང་ཤུར་ཤུར་གྱི་སེམས་པ་དང་ལྷན་དུ་མཁའ་ལ་འཕྱོ
ཡིན་ནའང  ཁྱེད་ཀྱི་ནམ་མཁའ་དེའི་དབང་གིས
ངས་སུ་ལའང་སྡུག་ཡུས་མ་བརྗོད

རོལ་དབྱངས་ཀྱིས་ཁེངས་པའི་ས་ཆེན་གྱི་ངོ་གདོང་འདི
དོམ་དམ་རྒྱལ་སྲས་སུ་ཞིག་གི་སྨྱུག་ཁ་ན་འཕྱོ་བའི་བསམ་གཞིགས་ཀྱི་གཤོག་པ་ཡིན

བྱ་ཚོགས་ཀྱི་དུར་ཁྲོད་དང་གསེར་མདོག་གི་སྟོན་ཁ་དེ་དྲན་ཐེངས་རེ་རེར
སྙོམས་དྲག་པའི་རི་རབ་དང་གཙང་བོ
ཉམ་ང་བའི་ཁ་བའི་ཐང་ཆེན་གྱི་ལྷུན་པོ
ཇི་འདྲའི་ཡིད་དུ་འོང 

ས་ཆེན་པོའི་སྙིང་ཁ་ན་ཁོང་ཁྲོ་དང་ལྷན་དུ་བྲིས་པའི་ཐུ་བྷོད་ཀྱི་དབང་ཡིག་དེ་དག 
ཁྱེད་ཀྱི་ནང་སེམས་ནས་ཀེང་རུས་སུ་གྱུར་དུས
གཡའ་དག་ཅིང་ལྷད་མ་འདྲེས་པའི་བདག་གི་སེམས་ངོགས་ན
མྱ་ངན་གྱི་མཆི་མས་སྐྱོར་བའི་རིགས་ཞེན་གྱི་དྲན་ཤིང་དེའང
ཇི་འདྲའི་སྙིང་དུ་རྒོད་ཨང

་་་་་་་་་་་་་་༢༠༡༠་་༣་་་་་༢༤

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཆེན་གྱི་རྨི་ལམ་སྒུམ་པའི་བྱང་ཕྱོགས་འཇོལ་མོ།

2010-04-26 ཞོགས་ཆར ཀློག་གྲངས། མཆན ཡོད།

ས་ཆེན་པོའི་ཚེར་མའི་ནགས་གསེབ་ན
ཧ་ཅང་ལྷིང་འཇགས་ཀྱིས་འཚོ་དུས
རླུང་འཚུབ་དེས་བསྐྱལ་འོངས་པའི་ཡིག་ནོར་གྱི་ཤོག་ལྷེ་མང་པོ་ཞིག
སྟོང་ཤུར་ཤུར་གྱི་སེམས་པ་དང་ལྷན་དུ་མཁའ་ལ་འཕྱོ
ཡིན་ནའང  ཁྱེད་ཀྱི་ནམ་མཁའ་དེའི་དབང་གིས
ངས་སུ་ལའང་སྡུག་ཡུས་མ་བརྗོད

རོལ་དབྱངས་ཀྱིས་ཁེངས་པའི་ས་ཆེན་གྱི་ངོ་གདོང་འདི
དོམ་དམ་རྒྱལ་སྲས་སུ་ཞིག་གི་སྨྱུག་ཁ་ན་འཕྱོ་བའི་བསམ་གཞིགས་ཀྱི་གཤོག་པ་ཡིན

བྱ་ཚོགས་ཀྱི་དུར་ཁྲོད་དང་གསེར་མདོག་གི་སྟོན་ཁ་དེ་དྲན་ཐེངས་རེ་རེར
སྙོམས་དྲག་པའི་རི་རབ་དང་གཙང་བོ
ཉམ་ང་བའི་ཁ་བའི་ཐང་ཆེན་གྱི་ལྷུན་པོ
ཇི་འདྲའི་ཡིད་དུ་འོང 

ས་ཆེན་པོའི་སྙིང་ཁ་ན་ཁོང་ཁྲོ་དང་ལྷན་དུ་བྲིས་པའི་ཐུ་བྷོད་ཀྱི་དབང་ཡིག་དེ་དག 
ཁྱེད་ཀྱི་ནང་སེམས་ནས་ཀེང་རུས་སུ་གྱུར་དུས
གཡའ་དག་ཅིང་ལྷད་མ་འདྲེས་པའི་བདག་གི་སེམས་ངོགས་ན
མྱ་ངན་གྱི་མཆི་མས་སྐྱོར་བའི་རིགས་ཞེན་གྱི་དྲན་ཤིང་དེའང
ཇི་འདྲའི་སྙིང་དུ་རྒོད་ཨང

་་་་་་་་་་་་་་༢༠༡༠་་༣་་་་་༢༤

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།