བྱ་འདབས་སྟེང་གི་ཆུ་ཐིགས

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-25

ཉི་འོད་ཀྱིས་མདུང་རྩེ་བསྣུན་པས་ཤི་ཙམ་མ་བྱས

རླུང་བུས་འཁྱུག་རྩལ་ངོམས་པས་འདེད་ཙམ་མ་བྱས

བུང་བ་ཞིག་གི་མགྲིན་པར་དཔྱངས་པའི་དངུལ་གྱི་སྒྲོག་གུ

ཡང་ན་སེམས་ཀྱི་ཉི་འོད་ལས་ཉི་འོད་གཞན་ཞིག་འཆར་བའི་འོད་ཀྱི་གོང་བུ

འདི་ནི་ངའི་བླ་གནས་སུ་ཆེམ་ཆེམ་དུ་ལྷུང་བའི་ཆུ་ཐིགས་དེའོ

 

རྒྱང་རིང་བོ་ནས་རྡོ་བ་སྔོན་པོ་ཞིག་གི་སྟེང་དུ་བབ་པའི་ཞབས་རྗེས་ཤིག

གནམ་ཁ་དུམ་བུར་བགོས་པའི་བར་དུ་འབར་ཞིང་མཆེད་པས

སེམས་ཚེགས་ཀྱི་རིགས་ཤིག་ཀྱང་ཡིན་ངེས་ཤིང

བསིལ་བསིལ་གྱི་ཟླ་འོད་འཁུར་བའི་རྩ་བ་དང་ཉིང་ལག་ཅིག་ཀྱང་ཡིན་ངེས

ཟླ་དུ་མར་ལོ་དུ་མར  ཡང་ན་མི་རབས་དུ་མར

གློ་བ་ཞིག་གི་མདུན་དང་རྒྱབ་ཕྱོགས་གཉིས་ཀར་གཏོགས་པའི་མེ་ལོང་ཞིག

གཟུགས་དང་སྒྲ་གཉིས་འདྲེས་མར་ཤར་བའི་སྣང་བ་དེ་རེད

 

སྣང་སྟོང་གི་ཆུ་ཕྲན་དེའི་དཀྱིལ་འཁོར་ན

ཡོམ་ཙམ་ཡོམ་ཙམ་བྱེད་པའི་ངང་བ་ཁྱོ་ཤུག་དེའི་སྒྲོ་སྤུའི་གསེབ་ན

འོད་ཟེར་ལ་མདུད་པ་ཐེབས་པའི་དབྱངས་འགྲོས་ཀྱི་དངན་པ་ཡོད་དམ

དབྱངས་འགྲོས་དེ་ལ་གདོང་ག་གཞུ་བའི་གསེར་གྱི་ཉ་མོ་ཡོད་དམ

 

འཇིག་རྟེན་པས་གུད་དུ་བོར་བའི་རྒྱ་མཚོ་ཆེན་པོའི་འགྲམ་ན

མེ་ཏོག་གི་ཟེའུ་འབྲུ་ལ་དྲི་ཡིས་མ་བགོས་པའི་ལོངས་སྤྱོད་ཁྲོད་དུ

སྤྲིན་དཀར་གྱི་ལོ་མ་སྙིང་ལ་བཤེར་བའི་ཆུ་ཡི་ཐིགས་པ

མཚར་སྡུག་གིས་འགུལ་བའི་བྱིས་པ་ཞིག་གི་རྨི་ལམ་ཡིན

རྨི་ལམ་དེ ངའི་འདས་མ་ད་གསུམ་གྱི་སྙིང་གི་སྒོ་མོ་རུ་འཐིམས་རོགས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་འདབས་སྟེང་གི་ཆུ་ཐིགས

2010-04-25 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

ཉི་འོད་ཀྱིས་མདུང་རྩེ་བསྣུན་པས་ཤི་ཙམ་མ་བྱས

རླུང་བུས་འཁྱུག་རྩལ་ངོམས་པས་འདེད་ཙམ་མ་བྱས

བུང་བ་ཞིག་གི་མགྲིན་པར་དཔྱངས་པའི་དངུལ་གྱི་སྒྲོག་གུ

ཡང་ན་སེམས་ཀྱི་ཉི་འོད་ལས་ཉི་འོད་གཞན་ཞིག་འཆར་བའི་འོད་ཀྱི་གོང་བུ

འདི་ནི་ངའི་བླ་གནས་སུ་ཆེམ་ཆེམ་དུ་ལྷུང་བའི་ཆུ་ཐིགས་དེའོ

 

རྒྱང་རིང་བོ་ནས་རྡོ་བ་སྔོན་པོ་ཞིག་གི་སྟེང་དུ་བབ་པའི་ཞབས་རྗེས་ཤིག

གནམ་ཁ་དུམ་བུར་བགོས་པའི་བར་དུ་འབར་ཞིང་མཆེད་པས

སེམས་ཚེགས་ཀྱི་རིགས་ཤིག་ཀྱང་ཡིན་ངེས་ཤིང

བསིལ་བསིལ་གྱི་ཟླ་འོད་འཁུར་བའི་རྩ་བ་དང་ཉིང་ལག་ཅིག་ཀྱང་ཡིན་ངེས

ཟླ་དུ་མར་ལོ་དུ་མར  ཡང་ན་མི་རབས་དུ་མར

གློ་བ་ཞིག་གི་མདུན་དང་རྒྱབ་ཕྱོགས་གཉིས་ཀར་གཏོགས་པའི་མེ་ལོང་ཞིག

གཟུགས་དང་སྒྲ་གཉིས་འདྲེས་མར་ཤར་བའི་སྣང་བ་དེ་རེད

 

སྣང་སྟོང་གི་ཆུ་ཕྲན་དེའི་དཀྱིལ་འཁོར་ན

ཡོམ་ཙམ་ཡོམ་ཙམ་བྱེད་པའི་ངང་བ་ཁྱོ་ཤུག་དེའི་སྒྲོ་སྤུའི་གསེབ་ན

འོད་ཟེར་ལ་མདུད་པ་ཐེབས་པའི་དབྱངས་འགྲོས་ཀྱི་དངན་པ་ཡོད་དམ

དབྱངས་འགྲོས་དེ་ལ་གདོང་ག་གཞུ་བའི་གསེར་གྱི་ཉ་མོ་ཡོད་དམ

 

འཇིག་རྟེན་པས་གུད་དུ་བོར་བའི་རྒྱ་མཚོ་ཆེན་པོའི་འགྲམ་ན

མེ་ཏོག་གི་ཟེའུ་འབྲུ་ལ་དྲི་ཡིས་མ་བགོས་པའི་ལོངས་སྤྱོད་ཁྲོད་དུ

སྤྲིན་དཀར་གྱི་ལོ་མ་སྙིང་ལ་བཤེར་བའི་ཆུ་ཡི་ཐིགས་པ

མཚར་སྡུག་གིས་འགུལ་བའི་བྱིས་པ་ཞིག་གི་རྨི་ལམ་ཡིན

རྨི་ལམ་དེ ངའི་འདས་མ་ད་གསུམ་གྱི་སྙིང་གི་སྒོ་མོ་རུ་འཐིམས་རོགས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།