ཟླ་ནག

གུ་རུ་དོན་གྲུབ ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-25

སེམས་ཀྱི་མེ་རིའི་སྟེང་མར་ཁུ་བླུགས་བླུགས་རྗེས

སེམས་ཀྱི་མངའ་ཐང་རྡུལ་དུ་བརླག་པར་རྩོམ

མིག་གི་རྣོ་དབལ་ལ་སྐྱི་ཁེབས་བརྒྱབ་བརྒྱབ་རྗེས

མིག་ཟུང་གི་དབང་རྩ་དུམ་བུར་གཅོད་པར་བྱེད

རླུང་བུས་འོ་དོད་ཆེན་པོས་རང་སེམས་ཀྱི་ན་ཟུག་འུར་འུར་སྒྲོག 

ས་སྨུག་འཐིབས་པའི་ས་ཆེན་གྱི་བྲང་གཞུང་དུ

ཉམ་ཐག་གི་གད་སྙིགས་ཁོ་ན་རང་དབང་གླུ་རུ་གྱེར་མཁན་ཡིན་ནམ

བགྲང་དུ་མེད་པའི་ངའི་ལྷ་ཚོགས་ཡ  ཁྱི་སྨྱོན་ལྟ་བུའི་དྲག་རླུང་འདིའི་ཁྲོད་ན་ཡང་སྙིང་ཅི་ཞིག་གི་གསང་བ་སྦས་ནས་ཡོད

དྲ་མིག་ལྟ་བུའི་མིག་ཀོང་དག

ས་རྡུལ་གྱིས་ཡང་ཡང་བཀབ་ནས་འོངས་དུས

ཉི་མའི་མིག་ཆུ་ལའང་བཞུར་སྟོབས་མེད་པ་གཞི་ནས་ཚོར་ཡོང་

ས་སྨུག་ཀློང་གི་ཟླ་བ་ཁེར་འགྲོས་འདིས

རང་ཉིད་ཀྱི་རུས་རྐང་ཡང་མཆོད་མེ་བཞིན་སྒྲོན་པ་མཐོང་ན

ངའི་མིག་མདུན་གྱི་བྱ་དངོས་མཐའ་དག

ཁྱི་རྒན་ཞིག་གིས་ཡང་ཡང་དམུར་བཞིན་པའི་རུས་སྐམ་ཞིག་ལས་ལྟ་ས་ཡེ་ནས་མེད་ཨང་

ཟླ་བ་འདི་ནི་ཉེས་ཅན་གྱི་བཙོན་མ་ཞིག་དང་འདྲ་བོ་འདུག

ས་རྡུལ་དང་འདྲ་བའི་ས་རྡུལ་གྱི་ཚོགས་དེ   

དུས་ཚོད་ཀྱི་མདའ་རྩེར་ཞོན་ནས  ཟིལ་ཤུགས་ཀྱི་དཔུང་བ་བརྡར་ནས

མིག་ཟུང་རིག་རིག་གིས་ཁྱོད་ཀྱི་ལུས་སྟེང་ནས་ཅི་ཞིག་མཐོང་བར་ཅེར་རེར་ལྟ་ངེས

ཟླ་བ་འདི་སྐྱོ་བ་ཆེན་པོས་མུན་པའི་ཁྲོད་ཡོངས་སུ་འཐིམས་རྗེས

ཟླ་བ་འདི་མཚོན་དང་སྨག་གིས་རི་ཚོགས་ཀྱི་མཆེ་བར་ལ་བསྐྱལ་རྗེས

ས་རྡུལ་གྱི་ཚོགས་ཀྱིས་ཅི་ཞིག་གི་ལས་འགན་འགྲུབ་པ་ལྟར་རང་རང་སར་ཆས་འགྲོ

གལ་ཏེ་ཟླ་བ་འདི་ལ་ཤ་རུས་སྲོག་གསུམ་གྱི་ཕུང་བོ་ཞིག་ཡོད་རྒྱུ་ན

ཟླ་བ་འདི་ནི་དངོས་གནས་ཟླ་བ་ནག་པོ་ཞིག་ཏུ་འགྱུར་ངེས་ཏེ

ཚེ་གང་བོར་བཙོན་དུ་སྡོད་དགོས་པའི་ཉེས་ཅན་ཞིག་ཏུ་མི་འགྱུར་བའི་ངེས་པའང་ཡེ་ནས་མེད་དོ

༢༠༡༠.༣.༢༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་ནག

2010-04-25 གུ་རུ་དོན་གྲུབ ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།