ལོ་མའི་སྐྱོ་གར།

ལོ་མ་སྡོང་རྩེ་རུ་འཁྲུངས་པ་ནས

ལོ་མ་ས་ཐོག་ཏུ་ལྷུང་རེག་བར

ལོ་མས་དྲོ་འཁྱག་གི་རྨི་ལམ་རུམ་གང་རྨི་དགོས

 

དབྱར་ཁའི་དུས་སུ

ལོ་མས

ཉི་ཐིག་གྱོན་ཞིང

ཆར་ཟིལ་བཏུངས་ནས

ལོ་མ་ཆུང་ཆུང་ཞིག་ནས་ལོ་མ་ཆེན་པོ་ཞིག་ཏུ་སོང་དུས

ལོ་མའི་གདོང་ན་སྤྲོ་འཛུམ་ཞིག་བཞད་ཡོད་ཀྱང

སྟོན་ཀ་ཐོན་དུས་སུ

ལོ་མས

བད་དཀར་བཀླུབས་ཤིང

གྲང་ལྷགས་རྒུམ་ནས

ལོ་མ་ལྗང་གུ་ཞིག་ནས་ལོ་མ་སེར་པོ་ཞིག་ཏུ་གྱུར་དུས

ལོ་མའི་གདོང་ལ་སྐྱི་གཉེར་ཞིག་འཐུབ་འགྲོ

 

ལོ་མ་གང་ཞིག་ནས་སྨིན་པ་ནང་བཞིན

ལོ་མ་གང་ཞིག་ཏུ་འཐོར་ཡང་དགོས

 

ལོ་མ

རང་དབང་གིས་བཞད་མི་ནུས་ཤིང

ལོ་མ

རང་དབང་གིས་འཕུར་མི་ཐུབ་པ་ནི

ལོ་མའི་སྐྱོ་གར་ཞིག་གོ

 

༢༠༡༠    ༢༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་མའི་སྐྱོ་གར།

2010-04-25 རྨ་ཞོགས་རླུང་། ཀློག་གྲངས། མཆན ཡོད།

ལོ་མ་སྡོང་རྩེ་རུ་འཁྲུངས་པ་ནས

ལོ་མ་ས་ཐོག་ཏུ་ལྷུང་རེག་བར

ལོ་མས་དྲོ་འཁྱག་གི་རྨི་ལམ་རུམ་གང་རྨི་དགོས

 

དབྱར་ཁའི་དུས་སུ

ལོ་མས

ཉི་ཐིག་གྱོན་ཞིང

ཆར་ཟིལ་བཏུངས་ནས

ལོ་མ་ཆུང་ཆུང་ཞིག་ནས་ལོ་མ་ཆེན་པོ་ཞིག་ཏུ་སོང་དུས

ལོ་མའི་གདོང་ན་སྤྲོ་འཛུམ་ཞིག་བཞད་ཡོད་ཀྱང

སྟོན་ཀ་ཐོན་དུས་སུ

ལོ་མས

བད་དཀར་བཀླུབས་ཤིང

གྲང་ལྷགས་རྒུམ་ནས

ལོ་མ་ལྗང་གུ་ཞིག་ནས་ལོ་མ་སེར་པོ་ཞིག་ཏུ་གྱུར་དུས

ལོ་མའི་གདོང་ལ་སྐྱི་གཉེར་ཞིག་འཐུབ་འགྲོ

 

ལོ་མ་གང་ཞིག་ནས་སྨིན་པ་ནང་བཞིན

ལོ་མ་གང་ཞིག་ཏུ་འཐོར་ཡང་དགོས

 

ལོ་མ

རང་དབང་གིས་བཞད་མི་ནུས་ཤིང

ལོ་མ

རང་དབང་གིས་འཕུར་མི་ཐུབ་པ་ནི

ལོ་མའི་སྐྱོ་གར་ཞིག་གོ

 

༢༠༡༠    ༢༨

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།