གཟའ་ཉི་མའི་སྙན་ངག་སྟབས་བདེ་ཐུག་པ་བཞི།

སྨྱོ་བ།

ཁྱེད་ཚོ   མཁའ་དབུགས་གསར་བ་ཞིག་གི་ཆེད་དུ་སྨྱོ་ཐུབ་ན

ངས   དབུགས་ལྒང་ཞིག་དང་འདྲ་བའི་སྒྲིག་ལམ་འདི

གཏོར་ནས་སྨྱོ་རྒྱུར་ཅི་ལ་སྐྲག

 

                       འདོད་པ།

ཁ་བའི་འདབ་མ་རེརེ་ནི་ཁྱོད་ཀྱི་ལྐོག་ཇུས་རེ་རེ་ཡིན་ན

གཅིན་པ་དང་མཉམ་དུ་སྤྱོད་ཁང་དུ་གཏོང་འདོད་ལ

ནམ་ཟླ་རྫོབ་པོ་དག་ནི་ཚུལ་འཆོས་ཀྱི་གདོང་འབག་དག་ཡིན་ན

འཕྲུལ་འཁོར་གྱིས་ས་རྒོད་བཞིན་བཤུ་འདོད

ཡིན་ཡང    འདོད་པ་མང་བའི་ཁྲོད་ནས་ཀྱང

དྲང་བདེན་དམ་བུ་གང་ཝུ་ཆང་ལྟར་འཐུང་རྒྱུ་ནི

ངོ་མ་སླ་མོ་ཞིག་མ་རེད

                      ཁྱོད་དང་བཅར་བ།

སེམས་ཀྱི་གས་སྲུབས་དག་ཏུ

རླུང་བུ་གྲང་མོ་རེ་ག་ལེར་འཚང་ཡོང

མིག་ཆུ་ལའང་སྒྲིག་ལམ་བཅའ་མི་ཐུབ་ན

ཁྱོད     ངའི་འཁྲིས་སུ་ཡོང་ས་མེད

གཏན་ནས་མེད

 

                       ཚོར་སྣང༌།

ཁ་སང་དེ་རིང     རྒྱ་སྲང་ལའང་སེམས་སྐྱིད་པོས་འགྲོ་དཀའ་ཚོད་རེད

ཟ་ཟིའི་རོལ་དབྱངས་ཀྱིས་བཟི་རུ་བཅུག་འགྲོ་ལ

སྨྱོ་ཆུ་འཐུང་བའི་རླངས་འཁོར་དག་གིས་ཀྱང་རྒྱག་ལ་ཁད་བྱས་འགྲོ

 

 

ཝེ     གང་ལྟར་ཀྱང་རྒྱ་སྲང་ནི་འགྲོ་ས་དགའ་ཞིག་མ་རེད 

                                     200854

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་ཉི་མའི་སྙན་ངག་སྟབས་བདེ་ཐུག་པ་བཞི།

2010-04-25 རོ་ལངས། ཀློག་གྲངས། མཆན ཡོད།

སྨྱོ་བ།

ཁྱེད་ཚོ   མཁའ་དབུགས་གསར་བ་ཞིག་གི་ཆེད་དུ་སྨྱོ་ཐུབ་ན

ངས   དབུགས་ལྒང་ཞིག་དང་འདྲ་བའི་སྒྲིག་ལམ་འདི

གཏོར་ནས་སྨྱོ་རྒྱུར་ཅི་ལ་སྐྲག

 

                       འདོད་པ།

ཁ་བའི་འདབ་མ་རེརེ་ནི་ཁྱོད་ཀྱི་ལྐོག་ཇུས་རེ་རེ་ཡིན་ན

གཅིན་པ་དང་མཉམ་དུ་སྤྱོད་ཁང་དུ་གཏོང་འདོད་ལ

ནམ་ཟླ་རྫོབ་པོ་དག་ནི་ཚུལ་འཆོས་ཀྱི་གདོང་འབག་དག་ཡིན་ན

འཕྲུལ་འཁོར་གྱིས་ས་རྒོད་བཞིན་བཤུ་འདོད

ཡིན་ཡང    འདོད་པ་མང་བའི་ཁྲོད་ནས་ཀྱང

དྲང་བདེན་དམ་བུ་གང་ཝུ་ཆང་ལྟར་འཐུང་རྒྱུ་ནི

ངོ་མ་སླ་མོ་ཞིག་མ་རེད

                      ཁྱོད་དང་བཅར་བ།

སེམས་ཀྱི་གས་སྲུབས་དག་ཏུ

རླུང་བུ་གྲང་མོ་རེ་ག་ལེར་འཚང་ཡོང

མིག་ཆུ་ལའང་སྒྲིག་ལམ་བཅའ་མི་ཐུབ་ན

ཁྱོད     ངའི་འཁྲིས་སུ་ཡོང་ས་མེད

གཏན་ནས་མེད

 

                       ཚོར་སྣང༌།

ཁ་སང་དེ་རིང     རྒྱ་སྲང་ལའང་སེམས་སྐྱིད་པོས་འགྲོ་དཀའ་ཚོད་རེད

ཟ་ཟིའི་རོལ་དབྱངས་ཀྱིས་བཟི་རུ་བཅུག་འགྲོ་ལ

སྨྱོ་ཆུ་འཐུང་བའི་རླངས་འཁོར་དག་གིས་ཀྱང་རྒྱག་ལ་ཁད་བྱས་འགྲོ

 

 

ཝེ     གང་ལྟར་ཀྱང་རྒྱ་སྲང་ནི་འགྲོ་ས་དགའ་ཞིག་མ་རེད 

                                     200854

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།