ལྷ་སའི་རྣ་ལོང་།

སྟོན་ནས་དགུན་ལ་ལྷུང་ཟིན་པའི  ངའི་བྱེ་ཐང་ལྟ་བུའི་མྱ་ངན་འདི

དགུན་ནས་དཔྱིད་ལ་བརྒལ་འདོད་ཀྱི  ངའི་ཧམ་སེམས་ལྟ་བུའི་མཛེས་སྡུག་འདི

སྐྱིད་ཤོད་གྲོག་ཆུ་ཕྲ་མོའི་ཞབས་ན་ལུས་པའི  གཟི་བརྗིད་ཀྱི་རྡོ་བ་འདི

བསམ་བློའི་མཐོང་རྒྱ་ལྟ་བུའི  གངས་འཁྱག་གི་ནམ་མཁའ་འདི

ཨ་ཨ  གཟེར་མ་ལྟ་བུའི་རེག་བྱ་འདི་དག་གི་སྙིང་ན

ཁྱོད་ནི་ཅི་འདྲའི་མཛེས་ཨང 

སུ་ཞིག་གི་རྨི་ལམ་གྱིས་འདོགས་ཀྱིན་པའི་ལྷ་སའི་རྣ་ལོང་ཡ

དམག་འཁྲུག་གི་ལོ་ཚིགས་ལྟ་བུའི་རྒྱང་རིང་གི་གཟི་བྱིན་ཡལ་སོང

ལྟར་སྣང་གི་ཚིག་ཕྲད་ལྟ་བུའི་ཐོབ་ཐང་གི་གཏན་ཚིགས་འགྱུར་སོང

ཁ་བའི་སྟངས་སྟབས་ལ་འཁྱུད་པའི་གྲང་རླུང་གི་སྐྱོར་མ་རྒས་སོང

ཆར་བའི་མཉེས་གཤིན་ལ་གཞམས་པའི་དུས་ཚིགས་ཀྱི་ལྷུ་ལག་འཐོར་སོང

ཨ་ཨ  འདུ་བྱེད་ཀྱི་རྒྱ་ཁྱོན་རྨང་ནས་བཅད་པའི་མངའ་རིས་འདི་རུ

ཁྱོད་ནི་ཅི་འདྲའི་མཛེས་ཨང 

མདའ་མདུང་གིས་འཕྲོག་ནས་ཐོབ་པའི་ལྷ་སའི་རྣ་ལོང

ལོ་རྒྱུས་ཀྱིས་བཏེགས་ནས་འོང་བའི་ལྷ་སའི་རྣ་ལོང

མེད་པ་ནས་ཡོད་པར་གྱུར་བའི་ཐོག་མའི་རྣ་ལོང་དེ 

མིའི་རིགས་ཀྱི་གསར་བཏོད་ཀྱི་རྣ་ལོང་ཡིན་ལ

ཡོད་པ་ནས་སྙིང་དུ་སྡུག་པའི་བར་གྱི་རྣ་ལོང་དེ

མིའི་རིགས་ཀྱི་བློ་བརྩོན་གྱི་རྣ་ལོང་ཡིན

ཆེས་མཐའ་ཇུག་གི་འདོགས་ཐག་ཆད་པའི་རྣ་ལོང་དེའང 

མིའི་རིགས་ཀྱི་ཉམས་མྱོང་གི་རྣ་ལོང་ཡིན

ཡིན་ནའང  ལྷ་སའི་ཟླ་འོད་ཀྱིས་ཕྱི་བཞིན་པའི་ལྷ་སའི་རྣ་ལོང་ཁྱེད་དེ

དུས་རྟག་ཏུ  དྲན་པའི་དབྱིངས་ཤེད་ན་ཁྲ་ལམ་མེར་འཚེར་ཞིང་འཚེར་བ་ནི

ངའི་ཚེ་སྲོག་གི་ཨི་ཁུང་ལ་གླན་པའི་ཆུ་ཤེལ་གྱི་དྭངས་གཙང་སྟེ

དྭངས་གཙང་དེ་ལས 

ང་ཡི་དུས་ཚོད་ལ་མིག་ཆུའི་ཕྲེང་ཐག་བསྟར་བ་མཐོང་ཞིང

ང་ཡི་རྨི་ལམ་ལ་རྟེན་འབྲེལ་གྱི་ཨ་ལོང་སྒོར་བ་མཐོང་སོང

མི་ཆོས་ཀྱི་གཤིས་སུ་བརྒྱན་པའི་འཇམ་འཇམ་གྱི་ལྷ་སའི་རྣ་ལོང

ཆོས་ལུགས་ཀྱི་སྲོག་ཏུ་མཛེས་པའི་བྱམས་བྱམས་ཀྱི་ལྷ་སའི་རྣ་ལོང་ཨང

ལྷ་སའི་ནངས་སྔ་མོའི་དུས་ཚོད་འདི་དང་འདི་ཡི་ཤུགས་བསྟན

ང་ཚོས་བཙལ་ནས་རྙེད་པའི་ཡིད་འོང་གི་དུས་ཚོད་ཡིན་ཞིང

ལྷ་སའི་དགོང་ཕྱི་དྲོའི་སེམས་ཁམས་འདི་དང་འདི་ཡི་ཤུགས་བསྟན

ང་ཚོས་སྦྱངས་ནས་གོམས་པའི་སྲ་བརྟན་གྱི་སེམས་ཁམས་ཡིན

ད་ནི ། སྨག་ཏུ་ལྕེབས་པའི་མཚམས་སྤྲིན་གྱི་མྱ་ངན་ཕྱོགས་སུ་ཐོར་ཟིན་ནའང

ཟླ་ཟེར་གྱིས་དཀྲོལ་བའི་རྣམ་ཤེས་ཀྱི་རོལ་དབྱངས་འདི

སང་ཉིན་གྱི་ཆུ་མོར་འཕངས་པའི་བདེ་ཐང་གི་ཟམ་པ་དེ་ཡིན་ན

ལྷ་སའི་རྣ་ལོང་ཡ

ཁྱེད་ཀྱི་ཆེད་དུ  ཕྲག་དོག་གི་རྒྱ་རྙི་སྟོང་ཕྲག་མང་པོ

ང་ཡི་ལུས་སེམས་ཀྱི་རི་ཀླུང་ལ་འཕང་མེད་དུ་བཀྲམས་ཏེ་བསྒུག་ཡོད་ཨང

དེ་ཡང་། བཀའ་བསྟན་གྱི་ཐ་སྙད་སྙིང་ལ་རྗེ་བ་མང་པོ

མཁའ་མཐའི་སྐར་ཚོགས་ཀྱིས་འཁུར་བའི་འོད་ཟེར་དུ་ཞུགས་ཡོད་ལ

རུས་རྐང་གི་སྣུམ་ཞགས་གཞན་ལ་སྣུམ་པ་མང་པོ

ས་གཞིའི་ཨ་འཐས་སུ་ཟུགས་པའི་འཇམ་མཉེན་གྱི་བརླན་དུ་སིམ་ཡོད

ལྷ་སའི་རྣ་ལོང་གི་བུ་ག་ལས་འཕགས་པའི་གཞན་གཅེས་ཀྱི་ཉི་མ་ཡ

ཁྱེད་ཀྱི་མཛེས་སྡུག་གི་བདེ་ཆེན་འཁོར་ལོ

བརྟན་གཡོའི་ཨ་ལོང་གི་ཕྲེང་བའི་དཔལ་དུ་འཁྱུད་པས་ན

ཁྱེད་དང་ང་ཡི  དཔུང་རྡང་ཤིག་ཤིག་གི་རི་ཆུ་ནགས་གསུམ

མི་ཡུལ་གྱི་སྐྱོ་ཤས་ལ་ཕུལ་བའི་བསོད་ནམས་ཀྱི་མཚན་མ་མ་ཡིན་ནམ

དུས་དེང་སང་། ནད་ཡམས་དང་གནོད་འཚེ། དམག་འཁྲུག་ལ་སོགས

མཛེས་སྡུག་གི་ཟིལ་དང་འདྲེས་ཏེ། ང་ཚོའི་ཧམ་སེམས་ཀྱི་ལྕགས་ཀྱུར་ཐོགས་བཞིན་ཡོད་ཅིང

སྙིང་རྗེ་དང་དཀྱེལ་ཡངས། རང་དབང་བཅས་པ

བདེན་པ་ཡི་ཟོལ་དང་འདྲེས་ཏེ། ང་ཚོའི་ཀུན་གཞི་ནས་ཕྱི་རུ་བཀྱེད་བཞིན་འདུག

དེ་བས། འཇིག་རྟེན་གྱི་ཁམས་འདི་ནས

འགྲོ་བའི་ཤེས་རབ་ཀྱི་འོད་ཟེར་རྣོན་པོ་དང

ས་གཞིའི་བརྟན་རླིང་གི་གཡར་དམ་བརྗིད་པོ

ལྗོན་པའི་གཞུང་བཟང་གི་ངང་རྒྱུད་རིང་པོ

ཆུ་མོའི་མཉེས་གཤིན་གྱི་བརྩེ་བ་འཇམ་པོ

འདི་དག  ནམ་ཡང་ཉི་མ་བཞིན་བསྐྱར་ཟློས་ཀྱིས་མ་ཤར་ན

ང་ཡི་ལྷ་སའི་རྣ་ལོང  ཁེར་རྐྱང་གི་གཡང་དུ་ལྷུང་བའི་དོགས་པ་ཆེ་ཨང

ཁེར་རྐྱང་གི་གཡང་དུ་ལྷུང་བའི་དོགས་པ་ཆེ་ཨང

སྐྱོ་གར་ལྟ་བུའི་ལྷ་སའི་རྣ་ལོང་ཡ  

དུས་ཚོད་ནི་ཁྱེད་ལ་བརྩེགས་པའི་སྡུག་བསྔལ་གྱི་ལྷན་པ་ཞིག་རེད

འཛུམ་དཀར་ལྟ་བུའི་ལྷ་སའི་རྣ་ལོང་ཡ  

དུས་ཚོད་ནི་ཁྱེད་ལ་གཏོགས་པའི་བདེ་སྐྱིད་ཀྱི་གཉེན་ཚན་ཚང་རེད

བཤད་ན་སྨྲེང་བའི་ལྷ་སའི་རྣ་ལོང་ཡ  རྒྱང་རིང་གི་ལན་ཆགས་ཁོ་ན

བསྐྱུར་ན་འཁྲེང་བའི་ལྷ་སའི་རྣ་ལོང་ཡ  བླ་སྲོག་གི་འཐུས་ཚབ་གཅིག་པུ

ང་ཡི་ལྷ་སའི་རྣ་ལོང

མིའི་རིགས་ཀྱི་ལྷ་སའི་རྣ་ལོང

མིའི་  རིགས་  ཀྱི་  ལྷ་  སའི་  རྣ་  ལོང

༢༠༠༩/ ༡༠ /༡

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་རྣ་ལོང་།

2010-04-25 ན་རོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།