རྨོངས་དད་བྱེད་པའི་མྱི་བུ།

སེར་པོ་གྱོན་པའི་མྱི་ཡི་ནང་ན་གདུག་རྩུབ་ཅན་གྱི་ཤན་པ་ཡོད།།

ཁྲི་ཁར་འགྱིང་བའི་མྱི་ཡི་ནང་ན་གཡོ་ཟོལ་ཅན་གྱི་ཁྲམ་པ་ཡོད།།

ཆོས་མིང་ཁུར་བའི་མྱི་ཡི་ནང་ན་ཚུལ་འཆོས་ཅན་གྱི་སྐྱེ་བོ་ཡོད།།

ཕྱི་ཡི་ཚུགས་ཀ་ཙམ་ལ་བལྟས་ཏེ་དམ་པར་རློམ་པ་ཀླ་ཀློ་ཡིན།།

 

འཁོར་བའི་ཞེན་ཐག་ཆོད་ནས་མེད་ན་ཨ་ལགས་དེ་ཚོ་རྫུན་མ་ཡིན།།

ཨ་ལགས་རྫུན་མའི་ཁ་ཁུག་ནང་ན་རང་གི་ཟས་སྐལ་བླུག་དོན་མེད།།

ཟབ་མོའི་གཤིས་ལུགས་རྟོགས་ནས་མེད་ན་སྐུ་ལོ་དེ་ཚོ་བཅོས་མ་ཡིན།།

སྐུ་ལོ་བཅོས་མའི་རྐང་སེན་འོག་ན་མཐོན་པོའི་མགོ་བོ་འཇོག་དོན་མེད།།

 

སེན་མགོ་ཁྲག་དང་སེན་རྩ་རྣག་གིས་དངུལ་ལོ་རྡོག་འགའ་རྙེད་པ་དེ།།

ཤ་རྒྱགས་སྐུ་ལོའི་སྒོར་མཛོད་ནང་དུ་ཅི་མིན་འདི་མིན་སྤུར་བ་ལས།།

གདོང་སྐྱི་སྔོ་ཞིང་ལུས་ཟུངས་ཟད་པའི་ཆུང་མ་དང་ནི་བུ་ཕྲུག་ལ།།

ཞིམ་པོའི་ཟས་དང་འཇམ་པོའི་གོས་ཤིག་ཐེངས་གཅིག་ཡིན་ཡང་ཉོས་ན་ཨང༌།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོངས་དད་བྱེད་པའི་མྱི་བུ།

2010-04-24 རྨ་ཞོགས་རླུང༌། ཀློག་གྲངས། མཆན ཡོད།

སེར་པོ་གྱོན་པའི་མྱི་ཡི་ནང་ན་གདུག་རྩུབ་ཅན་གྱི་ཤན་པ་ཡོད།།

ཁྲི་ཁར་འགྱིང་བའི་མྱི་ཡི་ནང་ན་གཡོ་ཟོལ་ཅན་གྱི་ཁྲམ་པ་ཡོད།།

ཆོས་མིང་ཁུར་བའི་མྱི་ཡི་ནང་ན་ཚུལ་འཆོས་ཅན་གྱི་སྐྱེ་བོ་ཡོད།།

ཕྱི་ཡི་ཚུགས་ཀ་ཙམ་ལ་བལྟས་ཏེ་དམ་པར་རློམ་པ་ཀླ་ཀློ་ཡིན།།

 

འཁོར་བའི་ཞེན་ཐག་ཆོད་ནས་མེད་ན་ཨ་ལགས་དེ་ཚོ་རྫུན་མ་ཡིན།།

ཨ་ལགས་རྫུན་མའི་ཁ་ཁུག་ནང་ན་རང་གི་ཟས་སྐལ་བླུག་དོན་མེད།།

ཟབ་མོའི་གཤིས་ལུགས་རྟོགས་ནས་མེད་ན་སྐུ་ལོ་དེ་ཚོ་བཅོས་མ་ཡིན།།

སྐུ་ལོ་བཅོས་མའི་རྐང་སེན་འོག་ན་མཐོན་པོའི་མགོ་བོ་འཇོག་དོན་མེད།།

 

སེན་མགོ་ཁྲག་དང་སེན་རྩ་རྣག་གིས་དངུལ་ལོ་རྡོག་འགའ་རྙེད་པ་དེ།།

ཤ་རྒྱགས་སྐུ་ལོའི་སྒོར་མཛོད་ནང་དུ་ཅི་མིན་འདི་མིན་སྤུར་བ་ལས།།

གདོང་སྐྱི་སྔོ་ཞིང་ལུས་ཟུངས་ཟད་པའི་ཆུང་མ་དང་ནི་བུ་ཕྲུག་ལ།།

ཞིམ་པོའི་ཟས་དང་འཇམ་པོའི་གོས་ཤིག་ཐེངས་གཅིག་ཡིན་ཡང་ཉོས་ན་ཨང༌།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།