རང་ཉིད་ཀྱི་སྒེའུ་ཁུང་དང་གཞན་དག
གཏན་དུ་རང་ཉིད་ཀྱི་སྒེའུ་ཁུང་འགྲམ་ཁམ་བུའི་སྡོང་བོ་ཞིག་འགྲེང་ཡོད
དཔྱིད་དུས་མེ་ཏོག་གིས་བར་ན་གཡུ་སྦྲང་གིས་གཤོག་འདབ་ངོམས་ཤིང
དུས་ཚིཊ་དེ་རང་ལ་བདག་གི་སྒེའུ་ཁུང་ནི
ཁྱོད་ཀྱི་སེམས་པ་བསྙལ་བའི་དྲི་ཞིམ་གྱི་དུས་དེ་ཡིན
དཔྱིད་རླུང་གིས་ཁོ་མོའི་སྐྲ་ལོར་བྱིལ་བྱིལ་བྱེད་དུས
ཞིང་ནང་གི་རྨོ་བོ་དུང་དཀར་དེའི་དཔྲལ་སྟེང་ནས་རྔུལ་ཆུ་ཟཊ་དུས
རྐང་འོག་ན་དྲེད་མོའི་མྱུ་གུས་བསྐྱངས་པའི་མེ་ཏོག་སྣ་གཅིག་འཁྲུངས་ཡོད
ཚེ་སྲོག་གསར་པའི་འབོད་སྐད་རྒྱང་ནས་ཐོས་ཤིང་རྒྱང་ནས་ཡལ
མིག་མདུན་གྱི་སྐྲ་ལོ་གནག་སྣུམ་དེའི་གསེབ་ན་ངའི་བརྩེ་བ་བསྐུངས་ཡོད
གཏན་དུ་ངའི་བརྩེ་བ་ཁོ་མོའི་སྐྲ་ལོའི་གསེབ་ན་བསྐུངས་ཡོད
སྒེའུ་ཁུང་འགྲམ་གྱི་ཁམ་བུའི་སྡོང་བོ་དེ་ཁོ་མོའི་སྐྲ་ལོ་ཡིན་ནམ
རྩོམ་ཁུངས། ངེད་དྲ་བ།