དུས་ཀྱིས་སྐུལ་བའི་བསམ་གཞིགས།

 མི་ཚེ་གཅིག་གི་འགྲུལ་བཞུལ་སྐྱུར་མོའི་བཤུལ་ལམ་ནས།།
དོན་ལྡན་རེ་བའི་དམིགས་བྱ་ལེགས་་པར་སྒྲུབ་བསམ་ན།།
དུས་རབས་གཅིག་གྱི་ལིང་བགྲོད་སྟངས་མྱུར་མོ་དང་།།
ལོ་འཁོར་བརྒྱ་ཡི་དགོས་དོན་གཅེས་སུ་བཟུང་ན་མཁས།།

ཕན་བརྩོན་རེ་བའི་ལེགས་ཚོགས་འཁོར་ལམ་མྱུར་མོ་ལས།།
འཛད་མེད་ཆུ་གཏེར་ཀློང་གི་ནོར་བུ་ལེན་འདོད་ན།།
རབ་བྱུང་གཅིག་གི་གསང་སེལ་དགོས་དབང་ཟླུམ་པོ་དང་།།
ལོ་རྒན་དྲུག་ཅུའི་སྲིད་མཐའི་རྒྱུ་ལམ་དྲང་ན་ལེགས།།

དོན་ལྡན་རིགས་སྤྱིའི་སྐྱིད་དང་སྡུག་གི་གོམ་བགྲོད་ལས།།
གཞན་ཕན་གསར་བྱུང་འདུན་མའི་ལས་དོན་གཉེར་བསམ་ན།།
ལོ་ཡི་འཁོར་མོ་གཅིག་གི་གཞུ་རྒྱུད་གཟུ་མོ་དང་།།
སུམ་བརྒྱ་དྲུག་ཅུའི་ནང་བཅུད་ཉིན་ཞགས་འཁྱོལ་ན་མཛེས།།

ཡོད་ཚད་སྔས་སུ་བྱས་པའི་བསམ་གཞིགས་དྲོད་མོ་ལས།།
སྣང་སྟོང་འཚོ་བའི་གཏམ་རྒྱུད་ལེགས་པར་གླེང་འདོད་ན།།
ཉིན་ཞགས་སུམ་ཅུའི་རེ་བ་ཁུར་ལྕིའི་ལྷག་བསམ་དང་།།
ངལ་གསོའི་དབུགས་དབྱུང་ཟླ་ཡི་གོམ་བགྲོད་མྱུར་ན་མཆོག།

སྣ་ཚོགས་སྒྱུ་མར་འཆར་བའི་རི་མོའི་བགོ་བསྐལ་ལས།།
བརྩེ་བ་ཤུགས་ཀྱིས་བསྐྱོད་ཅིང་འཚོ་བའི་གཞི་བསམ་ན།།
ཚུ་ཚོད་ཉེར་བཞིའི་ངོ་མཚར་གཏམ་རྒྱུད་ཆོས་ཅན་དང།།
ཉིན་གཅིག་ཐུགས་རྗེའི་སྤྲིན་པའི་མེ་ཏོག་སྣང་ན་སྐྱིད།།

འཇིག་རྟེན་དགེ་ལེགས་སྦྱིན་པའི་མུན་འཇོམས་སྣང་གསལ་ལས།།
བརྩོན་པ་བརྒྱ་ཡིས་བྱི་དོར་ལེགས་པར་བསྒྲུབ་བསམ་ན།།
ཆུ་ཚོད་གཅིག་གི་འཆད་རྩོད་རྩོམ་གྱི་དགའ་སྐྱིད་དང་།།
འཕྲིན་ལས་ཉི་འོད་གསར་བའི་གུར་ཁང་གསལ་ན་རྒྱན།།

འཆོས་སྐྱོབ་དབྱངས་བདུན་རྒྱ་ཆེར་རྫོགས་པའི་དོ་ར་ནས།།
སྣ་མང་འཇིག་རྟེན་གསར་བའི་སྲོལ་བཟང་སྤེལ་འདོད་ན།།
སྐར་ཆ་གཅིག་གི་དོན་བཟང་བཅུད་ཀྱི་ངོ་བོ་དང་།།
ཉམས་མྱོང་ཚད་མའི་བདུད་རྩི་རིམ་བཞིན་རོལ་ན་རྒྱལ།།

དུས་དང་བསྐལ་བ་གཅིག་གི་དོན་ལྡན་བྱ་བཞག་ཀུན།།
དུས་་ཀྱི་འཁོར་ལོས་སྐུལ་བ་འདི་ལས་མ་འདས་པས།།
དུས་རྟག་འགྱུར་རོ་གཡོ་བའི་རང་བཞིན་སྲོག་ཅན་དེ།།
དུས་མཚམས་འཇིག་པའི་འགྲོས་ལས་དགེ་བའི་ཕྱོགས་སུ་བརྩོན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཀྱིས་སྐུལ་བའི་བསམ་གཞིགས།

2010-04-24 ཆུ་གཏེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།