དྲི་བ། གཞན་གཅིག

----བཞི་བའི་བཅུ་བཞིའི་ས་ཡོམ་གྱི་འཇིགས་པས་མནར་བའི་སྤུན་ཚོ་ལ་སྤྲིངས།

ནམ་རྒྱུན་སྐྱོ་ངལ་དང་ཕྱི་རོལ་གྱི་སྡུག་ཡུས་དག

ཁ་རོག་གེར་སྙིང་ལ་ཉར་བའི་ཁང་བ་དེ་ཚོ

རང་ཁྱིམ་དུ་བཤད་པའི་སྒོ་དར་གྱི་ན་བཟའ་ཅན་དེ་ཚོ

དེ་རིང་གློ་བུར་དུ་ཁྲོ་ལངས་ནས་

མགོ་ལ་རུབས་དོན་ཅི་རེད

 

ནམ་རྒྱུན་གྲང་རེག་དང་རླུང་བུ་རྒོད་པོ་དག

ལུང་བ་གཞན་པའི་ཁེས་ཁ་ནས་འགོག་པའི་རི་བོ་དེ་ཚོ

མགོན་སྐྱབས་དུ་བསྔགས་པའི་མདའ་ཤིང་གི་སྒྲོ་འཕྲུ་ཅན་དེ་ཚོ

དེ་རིང་གློ་བུར་དུ་ཉྭ་འདར་ནས་

པུས་འཛུགསདོན་ཅི་རེད

 

ནམ་རྒྱུན་ང་ཚོའི་ལུག་ཁྱུ་དང་ང་ཚོ

རང་གི་རུམ་ལ་འཇུག་པའི་གཡང་ས་གྲུ་བཞི

ཕ་ཡུལ་དུ་བསམ་པའི་སེམས་ཀྱི་དྲོད་ཐིག་གཅིག་པུ

དེ་རིང་གློ་བུར་དུ་མགོ་བོ་འཕྲུག་ནས

ཡ་ཁོག་འདར་དོན་ཅི་རེད།

 

 

ཡུལ་ཤུལ་སེམས་པ་མ་སྐྱོ།

གོ་ཁ་འཁྱག་པ

སྒྲུང་གཏམ་སྐམ་པོ་ཞིག་གིས་བསྲོ་ཐབས་མེད་ཀྱང

སྤུན་ཟླ་ང་ཚོས་

རང་ལ་ཡོད་པའི་ཉལ་གོས་ལིང་བོ་ཁྱོད་ལ་འཐེན་ངེས

དེ་བས་སེམས་པ་མ་སྐྱོ

 

འདས་པའི་གཉེན་ཉེ

ང་ཚོ་གེ་སར་ལ་སྤྲུལ་ནས་ལེན་ཐབས་མེད་ཀྱང

གསོན་པའི་སྤུན་ཟླའི

སེམས་ཀྱི་རྨ་ཁ་བྱམས་ཀྱིས་གསོ་ཆོག

དེ་བས་སེམས་པ་མ་སྐྱོ

 

ཁ་སང་འཇིགས་པོ་

ང་ཚོས་དུས་ཚོད་ཀྱི་ཨ་ལོང་ལས་དཀྲོལ་ཐབས་བྲལ་ཀྱང

སང་ཉིན་དྲོན་པོ

ང་ཚོས་ཕྲག་པས་བཏེགས་ནས་ཁྱེད་ལ་བསྐྱལ་ཡོང

དེ་བས་སེམས་པ་མ་སྐྱོ

 

2010-4-19ཉིན་པེ་ཅིང་ནས་ཁྲིན་ཏུའུ་བགྲོད་པའི་མེ་འཁོར་དལ་མོ་ཞིག་ནས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲི་བ། གཞན་གཅིག

2010-04-24 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

----བཞི་བའི་བཅུ་བཞིའི་ས་ཡོམ་གྱི་འཇིགས་པས་མནར་བའི་སྤུན་ཚོ་ལ་སྤྲིངས།

ནམ་རྒྱུན་སྐྱོ་ངལ་དང་ཕྱི་རོལ་གྱི་སྡུག་ཡུས་དག

ཁ་རོག་གེར་སྙིང་ལ་ཉར་བའི་ཁང་བ་དེ་ཚོ

རང་ཁྱིམ་དུ་བཤད་པའི་སྒོ་དར་གྱི་ན་བཟའ་ཅན་དེ་ཚོ

དེ་རིང་གློ་བུར་དུ་ཁྲོ་ལངས་ནས་

མགོ་ལ་རུབས་དོན་ཅི་རེད

 

ནམ་རྒྱུན་གྲང་རེག་དང་རླུང་བུ་རྒོད་པོ་དག

ལུང་བ་གཞན་པའི་ཁེས་ཁ་ནས་འགོག་པའི་རི་བོ་དེ་ཚོ

མགོན་སྐྱབས་དུ་བསྔགས་པའི་མདའ་ཤིང་གི་སྒྲོ་འཕྲུ་ཅན་དེ་ཚོ

དེ་རིང་གློ་བུར་དུ་ཉྭ་འདར་ནས་

པུས་འཛུགསདོན་ཅི་རེད

 

ནམ་རྒྱུན་ང་ཚོའི་ལུག་ཁྱུ་དང་ང་ཚོ

རང་གི་རུམ་ལ་འཇུག་པའི་གཡང་ས་གྲུ་བཞི

ཕ་ཡུལ་དུ་བསམ་པའི་སེམས་ཀྱི་དྲོད་ཐིག་གཅིག་པུ

དེ་རིང་གློ་བུར་དུ་མགོ་བོ་འཕྲུག་ནས

ཡ་ཁོག་འདར་དོན་ཅི་རེད།

 

 

ཡུལ་ཤུལ་སེམས་པ་མ་སྐྱོ།

གོ་ཁ་འཁྱག་པ

སྒྲུང་གཏམ་སྐམ་པོ་ཞིག་གིས་བསྲོ་ཐབས་མེད་ཀྱང

སྤུན་ཟླ་ང་ཚོས་

རང་ལ་ཡོད་པའི་ཉལ་གོས་ལིང་བོ་ཁྱོད་ལ་འཐེན་ངེས

དེ་བས་སེམས་པ་མ་སྐྱོ

 

འདས་པའི་གཉེན་ཉེ

ང་ཚོ་གེ་སར་ལ་སྤྲུལ་ནས་ལེན་ཐབས་མེད་ཀྱང

གསོན་པའི་སྤུན་ཟླའི

སེམས་ཀྱི་རྨ་ཁ་བྱམས་ཀྱིས་གསོ་ཆོག

དེ་བས་སེམས་པ་མ་སྐྱོ

 

ཁ་སང་འཇིགས་པོ་

ང་ཚོས་དུས་ཚོད་ཀྱི་ཨ་ལོང་ལས་དཀྲོལ་ཐབས་བྲལ་ཀྱང

སང་ཉིན་དྲོན་པོ

ང་ཚོས་ཕྲག་པས་བཏེགས་ནས་ཁྱེད་ལ་བསྐྱལ་ཡོང

དེ་བས་སེམས་པ་མ་སྐྱོ

 

2010-4-19ཉིན་པེ་ཅིང་ནས་ཁྲིན་ཏུའུ་བགྲོད་པའི་མེ་འཁོར་དལ་མོ་ཞིག་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།