མཁྱེན་ནོ། གཞི་བདག་གནམ་ལྷ་གསུམ།
ས་ཡོམ་གཞས་ཚིག
བགེགས་དང་བར་གྱི་གདུང་བ་བདག་ལ་མ་བསྩལ་རོགས།
སྐྱེ་བ་འདི་ཡི་མི་ལུས་རིན་ཐང་ཆེ་ཡང་ཆེ།
དགུང་ནས་ཉི་མ་མ་ཤར་ཡུན་རིང་སོང་།
སྐྱེ་བ་ཕྱི་མར་སྨོན་ལམ་འདེབས་ཀིན་འགྲོ།
མཁྱེན་ནོ། གཞི་བདག་གནམ་ལྷ་གསུམ།
ཨྰ། ཨྰ། ཨྰ།
སྡུག་དང་གྱོང་གི་ཆད་པ་བདག་ལ་མ་གཅོད་རོགས།
མི་ཚེ་འདི་ཡི་ལོངས་སྤྱོད་སྙིང་པོ་ཆུང་ལ་ཆུང་།
སེམས་ནས་ཡི་དམ་ལྷ་སོགས་འགོངས་ནས་སོང་།
སྐྱེ་བ་ཕྱི་མར་སྨོན་ལམ་འདེབས་ཀིན་འགྲོ།
མཁྱེན་ནོ། གཞི་བདག་གནམ་ལྷ་གསུམ།
ཨྰ། ཨྰ། ཨྰ།
2010ལོའི་ཟླ་4ཚེས་20ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།