ས་བདག་འབྱུང་པོ་ཁྲོས་པའི་རྔམ་སེམས་ཀྱི་མཆེ་རྩེ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-24
                                                            བྱ་དོར་ཕུན་ཚོགས་དབང་ཕྱུག་གིས་མྱ་ངན་སྙན་ངག་གསུམ་པ་དེ་བྲིས་ཡོད།
 
ས་བདག་འབྱུང་པོ་ཁྲོས་པའི་རྔམ་སེམས་ཀྱི་མཆེ་རྩེ།
སྐྱེ་རྒུའི་སྲོག་ཐག་གཅོད་པའི་སྒྱོགས་རྡོ་རུ་འགྲིལ་བས།
རྒྱུ་འབྲས་རྨི་ལམ་ཞིང་དུ་ཡིད་ཆེས་ཀྱིས་གཉིད་པའི༌།
ང་ཡི་སྤུན་ཟླའི་ལས་དབང་འདི་འདྲ་ཞིག་ཡིན་ནམ།

བརྩེགས་པའི་ཁང་ཁྱིམ་སྲོག་གཅོད་རྦབ་རྒོད་དུ་སྒྱུར་ཅིང༌།
བསགས་པའི་རྒྱུ་ནོར་རྡུལ་ཕྱེའི་འཚུབ་མ་ཡིས་བརྐུས་ཤིང༌།
གཅེས་པའི་ལུས་སྲོག་སྐད་ཅིག་དེ་ཉིད་དུ་བརླགས་པའི།
མི་ཡུལ་ཆག་སྒོ་དེ་ལ་བཟློག་ཐབས་ཤིག་གནོངས་དང༌།
 
རྣོ་ལྕགས་ཨར་འདམ་འཐབ་པའི་ཚེར་མདུང་གི་དབུས་སུ།
ཚེ་སྲོག་སྟོང་ཕྲག་བརྡབས་པའི་རུས་ཐལ་དེ་འཕྱུར་བས།
ཅེ་སྤྱང་རྔམ་སེམས་རྒོད་པའི་འཇིགས་རུང་གི་རྨི་ལམ།
མུན་ནག་མཚན་ཧྲུལ་དེ་ཡིས་ཆོ་འཕྲུལ་ཞིག་མིན་ནམ།
 
ལུང་གཞུང་ངུ་སྒྲས་ཁེངས་པའི་སྐྱི་གཡའ་དང་ལྷན་དུ།
ས་གཞི་ཁྲག་གིས་གཤེར་བའི་དམར་མདངས་ཤིག་སྐྱོམ་པས།
གནམ་སའི་སྐྱི་ལྤགས་དབྲལ་བའི་ལྟས་ངན་ལ་གཞིགས་ན།
ཡོད་ཚད་བོད་ལ་སྡང་བའི་ཟློས་གར་ཞིག་ཨེ་ཡིན།
 
ཁང་ཆག་གྱང་ཞིག་འོག་ནས་ཡན་ལག་དག་རིག་ཀྱང༌།
ཀ་ལི་སིལ་བུར་འཐོར་བའི་ཞེན་ཆགས་ཀྱི་ཀློང་ན།
ངུ་ངག་དབྱངས་སུ་གྱེར་བའི་ཤུལ་ལུས་ཀྱི་སྤུན་ཟླའི།
མིག་ཆུས་བཞིན་རས་བྱིད་པའི་སྣང་ཚུལ་དེར་མུག་བྱུང༌།
 
མ་ལོའི་འཛུམ་ཀོང་བརླགས་པའི་ཉིན་སྲིབས་ཀྱི་ཁྲོད་དུ།
མངར་ཞིམ་འོ་མར་རེ་བའི་དྭ་ཕྲུག་རྣམས་མཐོང་དུས།
ཟླ་འོད་གོས་སུ་མནབས་པའི་སྐར་ཕྲན་གྱི་བུ་ལོར།
སྨོན་སེམས་གཏིང་ནས་འཆོར་བའི་སྐྱོ་འདར་དེ་སུར་བརྗོད།
 
བརྩེ་བའི་ཁམས་ལ་རོལ་བའི་གཞུང་དྲང་གི་མཛའ་བོ།
ས་རྡོའི་རི་བོ་ཉིལ་བའི་བར་ཆད་ཀྱིས་བཟོས་སྟབས།
སེམས་པ་འཁྱག་ལ་སྦྱར་བའི་ཡུག་ཟ་མའི་སྨྲེ་ངག
སྟོང་བའི་བྲག་ཆར་འཁོར་བའི་ཡིད་ཆད་དེར་བཟོད་དམ།
 
ཤེས་རབ་བདུད་རྩི་སྩོལ་བའི་སློབ་དཔོན་གྱི་བཞིན་རས།
ས་འགུལ་ཚད་རིམ་བདུན་གྱི་གདོང་ཁེབས་དེས་བསླུས་པས།
དཔལ་ཡོན་སློབ་གྲྭ་འཇིག་པའི་དུས་རབས་ཀྱི་སྤྲིན་ནག
ས་མཐོའི་བར་སྣང་གཞོམ་པའི་གཤེད་དཔུང་དུ་ལང་བྱུང༌།
 
ཐུབ་བསྟན་ལུང་རིག་རྩོད་པའི་དབེན་དགོན་གྱི་ཉམས་སྣང༌།
འབྱུང་བཞི་ལྷས་བྱིན་ཁྲོས་པའི་སེར་དྲག་གིས་བཅོམ་དུས།
ཉམ་ཐག་འཕྲང་ལས་གྲོལ་བ་ངུར་སྨྲིག་གི་དགེ་འདུན།
དབང་མེད་ཕྱི་མར་བརྫངས་པའི་ལས་མཐའ་དེ་གང་དྲག
 
ཆོག་ཤེས་དྲི་བསུང་ལྡང་བའི་གོ་ཁ་ཡི་གཞི་རུ།
གཅེས་ཕྲུག་ཤེའུ་ཆུང་རྩེན་པའི་དགོད་སྒྲ་དེ་འཁྱིལ་ཞིང༌།
ཕ་ལོ་མ་ལོར་འབོད་པའི་དྲོ་སྐྱིད་ཀྱི་འཚོ་བ།
ད་ནི་སྡུག་བསྔལ་རྒྱ་མཚོའི་རླབས་རྒྱུན་ལ་སྦྲེལ་འདུག
 
རྩྭ་ཐང་མེ་ཏོག་སད་ཀྱི་མདའ་ཁབ་དེས་བཅོམ་སོང༌།
གངས་རིའི་རྣམ་ཤེས་དམར་པོའི་སྡིགས་མཛུབ་ཀྱིས་རྨས་སོང༌།
སྐྱེ་དགུའི་གཞི་ཁྱིམ་ས་ཡི་གས་འདར་གྱིས་བཤིགས་སོང༌།
ང་ཡི་སེམས་པ་ཆག་གྲུམ་དམར་པོ་ཡིས་ཁུར་སོང༌།
 
ཟས་ཀྱི་ཕུད་དང་བཏུང་བའི་ཉིང་ཁུ་ཡིས་བཟི་བའི།
ལྷ་ཚོགས་ཐུགས་སྤྲོ་བཀྱེས་པའི་བག་མེད་ལ་གཡེང་སྐབས།
བྱམས་སེམས་ཁོང་ནས་བརྩོན་པའི་རང་རིགས་ཀྱི་དབུ་སྣེར།
རྣོ་ངར་རལ་གྲི་བསྣུན་འདི་ད་རེབ་ཙམ་མ་རེད།
 
དམྱལ་བའི་འཇིགས་ཚོགས་བཏེགས་པའི་བོད་ཡུལ་གྱི་ཁུག་ན།
ཀླ་ཀློའི་བྱེད་ལས་རྩུབ་མོའི་མྱ་ངན་དེ་ལྕི་བས།
ཚེ་སྲོག་རླུང་ལ་འཐག་པའི་མུན་ནག་གི་སྐྱོ་གླུ།
དུས་ཀྱི་གཙང་ཆུ་རྒྱས་པའི་ལོ་རྒྱུས་ལས་རིང་སོང༌།

འོན་ཀྱང་ཤུལ་ལུས་བདག་གི་ཕུ་ནུ་དང་མིང་སྲིང༌།
སྐྲ་དཀར་རྒན་པོ་བྱིས་པ་བསམ་མེད་ཡ་སུ་དག
སྲོག་གི་ཀ་བ་བརྟན་པའི་ངོ་མཚར་གྱི་འབྲས་བུར།
བཅོས་མིན་དགའ་བས་དབུགས་དབྱུང་ལྷོད་པོ་ཞིག་བྱས་ཆོག
 
ལས་ཀྱི་ཕྱག་རྒྱས་འདེད་པའི་གཤིན་པོ་ཡི་ཚོགས་ཀྱང༌།
ཕྱིར་མིག་སྐྱུར་མོས་མིག་ཆུའི་ཤུལ་ལམ་ཞིག་མ་བཏོད།
འདི་ན་གསོན་པོར་འཚོ་བའི་གདོང་དམར་གྱི་སྤུན་ཟླས།
མགྲོན་འོད་སྟོང་གིས་ཕྱི་མའི་དཀར་ངོགས་ཤིག་བཤམས་ཡོད།
 
དེ་བཞིན་སྐྱིད་སྡུག་སྤེལ་མའི་འཇིག་རྟེན་གྱི་འཚོ་བ།
སྣ་ལྔའི་ཁ་དོག་བསྒོས་པའི་འཇའ་ཚོན་དང་འདྲ་ན།
ཆགས་སྡང་དུག་ཆུས་སྨྱོས་པའི་ས་ནག་གི་ཁམས་འདིར།
སྒྱུ་མའི་ཞེན་ཆགས་བྱེད་ལ་དོན་སྙིང་ཞིག་མེད་སྙམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་བདག་འབྱུང་པོ་ཁྲོས་པའི་རྔམ་སེམས་ཀྱི་མཆེ་རྩེ།

2010-04-24 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།