མིག་ཆུས་བརླན་པའི་སྡུག་ཡུས།

གཅིག
སུས་ཀྱང་མི་ཚོར་བའི་འབྱུང་བཞིའི་བསླུ་བྲིད་ཅིག་གིས།
ལོ་ཟླ་གྲངས་མེད་ཀྱི་འཚོ་བ་ཉི་ཟླའི་འཆར་ནུབ་ལ་བསྐུར།
ལུག་ཁྱུ་དང་རྫི་གླུར་བསྲེས་པའི་བྱིས་པའི་གཏམ་རྒྱུད་ལས།
རྨི་ལམ་གྱི་ལྷག་འཕྲོ་སྔ་ས་ནས་དུང་སད་མེད་པར།
མ་བསམ་ས་ནས་ས་ཡོམས་ཀྱི་འཇིགས་པ་ཚོར་ལ།
རླབས་སྒྲ་སྐྱོམས་པའི་ངུ་ངག་གི་རླུང་རྟ་བསྐྱོད་པར་བྱས།
འདང་དགོང་ཟླ་འོད་དང་འཇམ་ཞིང་བདེ་ལ།
དེ་རིང་འུར་ཆེན་གྱིས་གནམ་ས་གཅིག་ཏུ་གཡོས།
ལེ་བདའ་མ་སོན་པའི་བྱིས་པའི་རྩེད་ར་དེ།
ཉི་ཟེར་མ་ཕོགས་པའི་ཞོགས་ཁའི་ལྡིང་ཁང་ལས་ཅི།
                    གཉིས།
ཉིན་བྱེད་ཆུ་ལྷར་བཞུད་ཅིང།
རྣམ་ཤེས་ཤམ་བྷ་ལར་བསྐྱོད་དུས།
ཚོ་བ་འདིའི་སྐྱོ་གདུང་གི་མིག་ཆུ་རྒྱ་མཚོར་འཐིམས་ལ།
སྡུག་ཡུས་ཀྱི་སྐྱོ་སྣང་ས་ཡོམས་ཀྱིས་བཅོམ་པས།
བྱིས་པ་ཚོ་ཚེར་ས་སྲུང་བའི་གནས་གཞི་སྟོང་བ་ཞིག
དེ་ལྟར་བཞུད་སོང་བའི་ཡབ་ཡུམ་གྱི་སེམས་འདུན།
ལན་ཆགས་མ་ཟད་པའི་སྒོ་ཁ་དེ་ན།
ཕྱིར་དྲིན་གྱི་ཀློང་རིམ་ན་ན་ཟུག་གིས་བཟི།
                       གསུམ།
སྐྱོ་སྣང་སྟོང་ཕྲག་གི་མིག་ཟུང་ལག་པས་འགེབ་དུས།
ཁྱོད་ཚོ་རྒྱང་ཐག་རིང་བའི་ཕ་རོལ་ན།
ཞེ་ཆགས་སྣང་བའི་སེམས་པ་སྐྱུར་མོ།
འབྲུག་སྒྲ་རྒོད་པའི་ཆར་སྤྲིན་བཞིན་འཕུར་ཞིང་ལྡིང་ལ།
ལྷག་ལུས་སུ་གྱུར་བའི་སྙིང་གཏམ་དང་དྲོད་ཁོལ།
ལས་དབང་གནམ་ལ་བཅོལ་བའི་དམ་ཚིག་ཅིག
ལན་རེར་ཕྱིར་བལྟའི་བསམ་གཞིགས་འོ་དོད་ལས་རྙེད་པས།
ཤ་ཉེས་ལག་ཟུང་ལ་སྦྱར་བའི་མཆོད་ཀོང་དེ།
བརྗེད་རྙིང་མེད་པར་ཁྱོད་ཚོར་གཏད་ནས།
འབྱུང་འཇིག་གིས་བཞེངས་པའི་སྐྱེ་རྒུའི་གྲོང་ཁྱེར།
ནམ་ཡང་མཆོད་འབུལ་ལས་བོར་མ་སོང་།
                          བཞི།
ཞེ་འཁྲེང་བའི་ཞལ་རས་དེ་དོ་དགོང་གི་ཟླ་བ་བཞིན།
ལེ་བདའ་དང་སྐྱོ་སྣང་གིས་གངས་སིལ་བརྒྱུད་དུས།
བྱིས་པ་ཚོ་ལྷག་རླུང་གི་སྡེར་བར་ན།
འདར་སིག་དང་སྐྲག་གིས་བསྐྱེད་ནས།
ལྷིང་འཇགས་དབེན་པའི་མཚན་སྨག་གི་བཟི་ཁས་དེད།
མ་བུར་གྱུར་བའི་སྐར་ཚོགས་ཁྲི་མ་འབུམ།
བདེ་བར་སྤྲོ་བའི་མེག་ཏོག་གི་མཚོ་ཆུང་སྣ་ཚོགས།
ངུ་ངག་བོར་བའི་དྭ་ཕྲུག་ཚོའི་དགོད་སྒྲའི་དབྱངས་རྟ།
ཡང་བསྐྱར་ཁ་སང་ལས་ལྷག་པའི་དུས་ཤིག་ལ།
འདས་གཏམ་ལ་སྐྱོ་བ་ཟབ་པའི་ལས་དབང་དེ་དག
མཚམས་འཇོག་མེད་པར་ཁྱོད་དང་སུ་ལའང་བརྗོད་ངེས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུས་བརླན་པའི་སྡུག་ཡུས།

2010-04-24 ཆུ་གཏེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།