བཟི་གཏམ་ཚིག་འགའི་ཆེད་དུ་ད་ལྟ་ཡང་བདག་གིས་ཁྱོད་དྲན་ན་འདོད།

ས་ཆེན་ལྟ་བུའི་ཁྱོད་ཀྱི་ལག་ཟུང་གཉིས་ཀྱིས་ང་ལ་རེག་ཙམ་བྱས་པ

བདག་གི་སྙིང་ཁོང་ནས་ཅི་ཞིག་བརྐུས་སོང་བ་མ་ཤེས་ཀྱང

ད་ལྟ་ད་དུང་རྨི་ལམ་དང་མིག་ལམ་དུ་ཁྱོད་རང་ཡང་ཡང་ཐོན་གྱིན་འདུག

ཁྱོད་ཀྱི་ནེམ་ཤ་ལྡན་པའི་འགྲམ་པ་དང་མཆུ་ཏོ་སོགས

དེའི་མི་ཚད་ནག་ཤིག་ཤིག་གི་སྐྲ་ལོ་དེ

ངའི་དྲན་པའི་སྣང་ངོས་སུ་བཞག་པ་ནམ་ཡང་ཡལ་བ་མི་འདུག་གི

དེ་ནི་ཁྱོད་སྔར་བཞིན་བརྗེད་པ་མེད་པའི་དྲན་རྟགས་ངོ་མ

འོན་ཀྱང་ཁྱོད་རང་ཁུ་བྱུག་ཡིན་པས་ནམ་ཟླ་འདི་ལ་ཆས་དགོས

ང་དང་ངའི་བརྩེ་བ་བསྐྱུར་ནས་འགྲོ་དགོས་པ་རེད

དེ་དུས་ང་ནི་ལྗོན་ཤིང་སྐམ་པོ་ཞིག་ལྟར་སུ་ཚང་གི་འབུད་ཤིང་རུ་འོས

ཉི་མའི་འོད་ཟེར་བདག་གི་སྐྱེད་ཚལ་ལ་འཕྲོས་བ་དང་མཉམ་དུ

བདག་གིས་ཁྱོད་ཀྱི་ངོ་གདོང་དང་གཟུགས་བརྙན་སོགས་བྲིས་ནས

རང་ཉིད་ཀྱི་མདུན་ན་ཡོད་པའི་འོ་ཇ་དཀར་ཡོལ་གང་བོ་ཚོད་ཚོད་ལ་འཁྱག་ཏུ་བཅུག

བདག་གི་མིང་འབོད་མཁས་པའི་ཁོ་ཚོས་ཀྱང་ང་ལ་སུན་སྣང་གི་ཟུར་མིག་ཅིག་བསྟན

ཡིན་ན་ཡང་ང་ནི་སྔར་བཞིན་གློག་ཀླད་དེའི་མདུན་ཕྱོགས་སུ་ནུར་ཙམ་ཁྱོད་ལ་སྒུག

བདག་གི་སྐྲ་ལོ་དཀར་བོ་འགྱུར་བའི་བར་ཏུ

ལུས་ཟུངས་ཟད་ནས་རྣམ་ཤེས་དང་ཁ་གྱེས་པའི་ཉིན་མ་དེར་ཐོན་པའི་བར་ཏུ

སྤྲིན་དཀར་དང་བར་སྣང་ཁམས་ཀྱི་བྱ་དངོས་ཡོད་ཚད་ཀྱང

ཡོམ་ཡོམ་འགུལ་བཞིན་བདག་གི་མི་ཚེ་ལ་ལྟད་མོར་ཕེབས་བྱུང

གང་ལྟར་ངས་དུངས་པ་གཅིག་པུ་སྐེ་ཁུག་ནང་བཅུག་ནས

དེ་ལ་འགྲེལ་བ་རྒྱག་མཁན་ཚོ་གཉིད་མ་སད་ཀྱི་རྨི་ལམ་དུ་ཁྲིད

གལ་ཏེ་ཁྱོད་ནི་ཆེས་ཡང་བའི་ཕྱེ་མ་ལེབ་དེ་ཡིན་རྒྱུ་ན

བདག་གིས་མེ་ཏོག་རྐྱང་རྐྱང་གི་མལ་ཁྲི་གྱ་ནོམ་པ་ཞིག་བཟོས་ནས

ཁྱོད་ཀྱིས་ང་ལ་ཕྱིར་མིག་བལྟ་བའི་དུས་ཚོད་ལ་གཅེས་སྤྲས་བྱེད་ངེས

ཡང་མིན་ན་ཁྱོད་ནི་སུན་སྣང་ཁོ་ན་ལོངས་སུ་སྤྱོད་མཁན་གྱི་སྲོག་ལྡན་དེ་ཡིན་ན

བདག་གིས་བདེ་སྐྱིད་ཀྱི་ཝུ་ཆང་བསྙལ་ནས་ཁྱོད་ལ་མགྲོན་བསུ་བྱེད་སྲིད

ལེ་དབར་ནི་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད

རྒྱུ་མཚན་ནི་བདག་གི་སེམས་པ་སྤུ་གྲི་ཡིན་པས་ཁྱོད་ཀྱི་ཕྱོགས་སུ་གང་འདོད་དུ་འཕུར་ཐུབ་ལ

ཁྱོད་སེམས་སུ་སྦྲུམ་ནས་ལུས་པོ་དེ་ཁེར་རྐྱང་ངང་སྡོད་དགོས་བྱུང

ད་ལོ་རྩྭ་ཐང་ནི་ཁྱོད་དང་ངེད་གཉིས་ཀྱི་རྩེད་རར་ག་ལ་དབང

ཆུང་ཆུང་ལུ་གུ་དང་བེའུ་སོགས་ཀྱང་བྱེ་ཐང་གི་འཇིག་རྟེན་ཞིག་ལ་བསྐྱལ་ཡོད་པས

བདག་གིས་ཨ་རག་འཐུང་བ་བཞིན་སྨྱུ་གུ་ཞིག་ལག་ལ་བཟུང

རྨ་ཆུའི་འགྲམ་གྱི་ལས་ཀ་པ་དེ་ཚོ་ཡང་སྐྱུག་ཞོར་ཏུ་གྲང་ངར་ལ་རྒོལ་ན་འདོད་ཀྱང

དེ་ནི་ཁོ་བོ་ཅག་གི་ཁ་ཟས་སུ་གྱུར་བའི་ཤིང་ཏོག་ཅིག་ཡིན་ལ

སྐོམ་པའི་གདུང་བ་གསོད་པའི་ཆུ་བོ་དེ་ཡིན་སོང་བས

ཁོ་ཚོ་གུས་གུས་ཞུམ་ཞུམ་དུ་མི་འདོད་བཞིན་དུ་འདི་ལྟར་བུད་སོང

         ཕྱི་ལོ་༢༠༠༨ལོའི་ཟླ་༡༢པའི་ཚེས་༡ཉིན་ཁང་བ་གཡར་མ་དེའི་ནང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཟི་གཏམ་ཚིག་འགའི་ཆེད་དུ་ད་ལྟ་ཡང་བདག་གིས་ཁྱོད་དྲན་ན་འདོད།

2010-04-22 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།