ཐག་རིང་གི་སེམས་འཕྲིན།

ཨ་ཕས་ཡོད་ཚད་བཞག་སྟེ།

ཕྱིར་ལྡོག་མེད་པའི་རྒྱབ་གཟུགས་ངའི་དྲན་ངོགས་སུ་བྲིས།

ཉིན་དེ་ནས།

ངའི་ཡིད་རྟོན་དང་བློ་སྤོབས་ཀྱིས་ཨ་ཕ་ཞེས་འབོད་པའི་ངག་སྒོ་འགག

ལམ་བུ་རབ་རིབ་ཅིག་ནང་ཁེར་རྐྱང་གི་གོམ་ཁ་བསྒྱུར་དུས།

ལོ་ཟླ་རེ་རེར་འཁྱེར་བའི་དྲན་ཤེས་ལ་རྦ་རླབས་འཕྱུར་དུས།

ཨ་ཕ་ནམ་བྲལ་གྱི་གདུང་བས་སེམས་པ་རྡེག་ཅིང༌།

བྱིའུ་ཕྲུག་ཐང་འགྱེལ་གྱི་ཚུལ་འདིས་མིག་ཆུ་འཆོར་མྱོང༌།

ཇི་འདྲའི་སྟོང་ཅང་ཅང༌། ཅི་འདྲའི་སྐྱོ་ལྷང་ལྷང༌།

སྤུན་ཟླ།  ཡུལ་ཤུལ་གྱི་གྲོང་མི།

དེ་རིང༌།

ཁྱེད་ཚོ་ཡང་སྙིང་ཉེ་བྲལ་བའི་སེམས་ཀྱི་སྡུག་བསྔལ་འདིས།

ངུ་སྒྲ་དང་མིག་ཆུས་ཁེངས་པའི་གནའ་གྲོང་མྱུལ་བ་མཐོང་དུས།

ངའི་སེམས་པ་ཡང་ཅི་འདྲའི་སྐྱུར་སིལ་སིལ་ཨ།

དེ་རིང༌།

འཆི་བདག་གི་ཞགས་པས་ཁྱོད་ལ་བསྐོར་དུས།

ངས་ཐང་ལྷ་རི་བོའི་རྩེ་མོར་འཛེགས་ཤིང༌།

གོ་ལའི་རྒྱལ་པོ་སྡིག་ཆེན་གྱི་ནང་སྙིང་བཏོན།

ས་ལྷ་སྐད་ཅིག་མི་ཚུགས་པའི་མགོ་བོ་བྲེགས་ཏེ།

ཁྱོད་ཀྱི་ཆེད་དུ་རྒོལ་ལན་ཞིག་སྤྲོད་པར་འདོད།

དེ་རིང༌།

ཟུངས་ཁྲག་དང་མཆི་ཞག་གིས་ནམ་མཁའ་སྒྲིབ་དུས།

ངས་ཡར་ཀླུང་གཙང་པོའི་བཞོན་པ་ལ་བཅིབས་ཤིང༌།

སེང་ཆེན་ནོར་བུ་དགྲ་འདུལ་གྱི་དཔའ་སྟོབས་གཡར་ཏེ།

རྩྭ་ཐང་དང་ཉི་འོད་ཀྱིས་བརྒྱན་པའི།

ཁ་སང་གི་ཡུལ་ཤུལ་དབྱེར་མེད་ཅིག་བཞེངས་ན་འདོད།

  འོན་ཀྱང་་་་་་་་་་  

སྤུན་ཟླ།  ཡུལ་ཤུལ་གྱི་གྲོང་མི།

དེ་རིང༌།

སྤུན་ཟླའི་མི་རིགས་ཀྱི་བརྩེ་རླབས་དྲག་ཏུ་འཕྱུར་ཞིང༌།

དཔའ་བོ་དཔའ་མོ་ཚོས་ཚེ་སྲོག་འབེན་ལ་འཛུགས།

སྦྱིན་བདག་ངོ་མ་རྣམས་ཀྱིས་ཕྱག་ཟུང་ཕངས་མེད་དུ་བརྐྱངས་སྐབས།

ཡོད་ཚད་ཀྱི་སྨོན་ལམ་ཁྱོད་ལ་ཟུག་ཡོད་ལ།

ཡོད་ཚད་ཀྱི་འོད་ཟེར་ཁྱོད་ལ་འཕྲོས་ཡོད་པས།

ཁྱོད་ཀྱི་སང་ཉིན།

ལྗང་མདོག་གི་ཚེ་སྲོག་ཟིལ་ཁྲུམ་དུ་བཞད་པའི་ཕ་ཡུལ་རེད།

སྐྱོ་བ་མ་གནང༌།  ཡུལ་ཤུལ།

སྐྱོ་བ་མ་གནང་ངེད་ཚོའི་སྤུན་ཟླ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐག་རིང་གི་སེམས་འཕྲིན།

2010-04-21 གཉལ་ཟླ་དགྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།