སེར་བོ་གསེར།

ཟླ་བ་ཤར་ཡོད་པའི་འཇིག་རྟེན་གྱི་ཕྱེད་ཀ

ཉི་མ་ནུབ་སོང་བའི་འཐབ་འཁྲུག་གི་ལག་ཟུང

ང་ཡིས་ལུས་པོ་ལ་རེག་བའི་ཁྱོད་ཀྱི་མེ་མདའ་དང་སྡུག་པའི་ངར་སྐད

དུས་ཚོད་ཀྱིས་ཁྱོད་ལ་སྲིན་འབུ་བཞག་ནས་རུལ་དྲི་ཐུལ་བ

ད་ལྟ་ཡོལ་བའི་ལྟག་རྒྱབ་ཀྱི་ལས་ཀ་མང་ཙམ་གྱི་གྲས་སུ་ཚུད་སོང

འགྱིག་གི་གཤོག་པ་འཕུར་བ་དང་མཉམ་དུ་མིག་ཆུ་ཕྱི་སྤྱད་ཀྱི་ལག་ཕྱིས

མཁྲིས་པའི་ནད་ཀྱིས་ཟིན་པའི་མི་ཞིག་གི་མཐོང་ཚུལ

སྒོ་འགྲམ་ན་བྱེ་མའི་གྲངས་ཀ་བགྲང་བའི་ངལ་རྩོལ་བ་ཞིག་ད་དུང་ཐང་ཆད་མི་འདུག

མཁའ་ལ་འཕུར་བ་མཐའ་དག་གི་གཤོག་པ་མ་མཐོང་ཀྱང

ས་ན་གནས་པ་ཐམས་ཅད་ཀྱི་སེམས་ལྗོངས་མ་ཉུལ་ཡང

ཁ་དོག་ས་རུ་འཐིམས་ནས་སླར་ཡང་ཁ་དོག་རེ་ཤར

དེ་དུས་ཁྱོད་ལ་མེད་པའི་བུམ་པ་གང་དུ་འཚོལ་བར་འགྲོ

སྐབས་དེར་ཁྱོད་སྔར་བཞིན་གཙང་འགྲམ་དུ་སོང་ནས་མིག་ཆུ་གཏོང་རྒྱུན་ཡིན་ནམ

ལོ་ན་ཆུང་བའི་བྱིས་པ་དེའི་ངུ་སྐད་ནི་ལྷིང་འཇགས་སུ་སོང་བ་ན

ཁྱོད་ཀྱི་འཛུམ་མདངས་ལ་སྔར་བཞིན་ཁ་དོག་ཅིག་ཤར་རམ

དེ་རིང་གི་བག་མ་ཁྲོམ་སྲང་གི་སྨད་འཚོང་ཁང་དུ་འཛུལ་དུས

མགོ་ཡི་ཞྭ་མོ་དང་རྐང་མགོའི་གོ་ལྷམ     སྐེད་ཀྱི་ཆབ་མ

སྒོ་རྟགས་དེའི་འཛིན་བྱང་ལ་ཤོག་སྒོར་ཅི་ཙམ་སྤྲོད་དགོས

ཚེར་མའི་མེ་ཏོག་སྟེང་གི་མིག་ཆུ་ལྷུང་མྱོང་བའི་གཡུ་སྦྲང

ལྗོན་ཤིང་གི་ཡལ་ག་དེ་ནི་ནམ་གུང་གི་དུས་སུ་འགུལ་དུས

གྲོང་ཁྱེར་ན་ཡོད་པའི་གློག་སྒྲོན་དེ་དག་གཟིམས་རོགས

མེ་ལོང་ནང་འཆར་མ་ཐུབ་པའི་འཇིག་རྟེན་དེ་ཡང

ཁྱོད་ཀྱིས་ཏིང་འཛིན་ལ་སྒོམ་ནས་དུས་ཚོད་ཅི་ཙམ་ཕར་ལ་འདེད་དུས

སོ་ཁ་རྣོ་ངར་ཅན་ཞིག་གིས་འོད་ཟེར་གྱི་ཆེད་དུ་ས་གཞི་སློག

ས་གཞིའི་དྲོལ་ཁོལ་དང་སྙིང་བཅུད་སློག

ས་གཞིའི་སྙིང་དུ་སྡུག་པའི་མཛེས་པ་དང་རེག་བྱ་འཇམ་པོ་དེ་ཡང་སློག

ལྷ་བྱ་རུ་འབོད་པའི་ཁྱོད་རང་སྡོང་ལོ་ཞིག་གི་འདམ་མའི་སྟེང་བབས་བྱུང

གཤོག་སྒྲོའི་གར་སྟབས་ལ་ཧད་པའི་མིག་ཟུང་ཅིག

སླར་ཡང་ཕྱེ་མ་ལེབ་ཀྱི་འཇིག་རྟེན་ལ་ཆགས་དུས

གཙང་བོའི་འགྲམ་དར་དང་ལོ་མ་སེར་པོ

ཁྱོད་རང་ལྷོ་ཕྱོགས་སུ་འགྲོ་དགོས་པའི་སྔོན་འགྲོ་རུ་བྲིས

མཛུབ་དཀྲིས་དང་སྐེ་བརྒྱན་དེ་ནི་བརྩེ་དུངས་ཀྱི་ཕྱི་པགས

སྐྲ་ལོའི་འོག་གི་ཕྱིར་མིག

ལྐོག་ཏུ་ཕན་ཚུན་ལ་བསྟན་པའི་འཛུམ་མདངས

ད་དུང་འཇིག་རྟེན་ན་ཕོ་མོ་ཟུང་ཅིག་གི་མིག་ཆུ

གསེར་མདོག་གི་ཕ་ས་ན་ལོ་ཆང་འཐུང་གིན་པའི་གསར་འགོད་པ་ལགས

རི་བོ་འདི་ནམ་ཞིག་ལ་ཁྱོད་ཀྱིས་མེད་པར་གཏོང་སྲིད་དམ

ག་ལེར་འོད་མདངས་རྒྱས་ཀྱིན་པའི་ཁྱོད་ཀྱི་གནས་སྐབས

ངས་ལག་རས་འཇམ་པོ་ཞིག་གིས་ས་རྡུལ་ཕྱིས་ཀྱང

གོམ་པ་སྤོ་མི་ཤེས་པའི་བྱིས་པ་ཞིག་གི་གློ་ལུ་རྒྱག་གི་འདུག

མེ་ཏོག་པད་མ་འདམ་ལས་སྐྱེས་པ་བདེན་ཡང

ང་ཚོས་པད་མར་གཅིག་པུར་བདག་སྐྱོང་བྱས་ནས་སྡོད་རྒྱུན་ཡིན་ནམ

སེར་ཆེན་མེ་ཏོག་གི་སྟེང་དུ་གར་ལ་རོལ་བའི་མཚན་མོའི་མེ་ལྕེབས

སྲིན་འབུ་མེ་འཁྱེར་ཇེ་ཉུང་དུ་སོང་བ་ན

ཁྱོད་ཀྱིས་འཚབ་བྱེད་པའི་ཨ་རག    ཁྱོད་ཀྱི་འཚབ་བྱེད་པའི་རྨི་ལམ

སྡུག་བསྔལ་གྱི་ཁ་དོག་ལ་ད་དུང་སྨོན་པའི་ཁྱོད་ཚོ

ཤེལ་སྒོ་ཆག་སོང་བའི་སིལ་སྒྲ་རྣམ་ལམ་དུ་གྲགས་དུས

བུ་མོ་ཞིག་གནས་བྱོལ་བྱས་ནས་གཙང་བོར་བརྒལ་ཡང

འོ་ཇ་འཁྱགས་སོང་བའི་ད་ལྟ་ཐབ་ཀ་ལ་གཅར་ཙམ

ཁྱོ་ག་གསར་བ་ཞིག་གི་ངོ་གདོང་ལ་སླར་ཡང་གཅེས་སྤྲས་བྱེད་དགོས

བུ་མོ་ཞིག་གསེར་གྱིས་བསླུ་སོང་བའི་བྱོལ་སོང

གསེར་ལས་ལྷག་པའི་ཁྱོད་ཀྱི་ལང་ཚོ

དགུན་གྱི་གྲང་ངར་ཁྲོད་དུ་ངུ་ཙམ་བྱེད་པའི་མིག་ཆུ་རྙོག་ཁུ

སྟོན་གྱི་བ་མོ་རྩྭ་སྟེང་དུ་ཞུ་ནས་སར་ལྷུང་དུས

སྦྲ་ནག་གི་ཁ་ཚུབ་ལས་དུ་བ་ཕྲ་མོ་རེ་མཁའ་རུ་ཆས་ཀྱང

དར་ལྕོག་ཅིག་རྙིང་ནས་རུལ་བ་ཡིན་ནམ

མིག་ཤེལ་གྱོན་པའི་ཁྱོད་ཀྱི་ཧམ་པ་ལ་ལྷན་པ་བརྒྱབ་པ་ཡིན

དགོད་ཙམ་དང་ངུ་ཙམ་གྱི་འཚོ་བའི་གྲུ་ཟུར་ཞིག་ན

རྫས་ལས་སྐྱེས་པའི་ཚེ་སྲོག་ག་ཙམ

དྲོད་ལས་ནར་སོན་གྱིན་པའི་ཚེ་སྲོག་ཅི་ཙམ

དོན་དུ་གསེར་གྱི་ཆེད་དུ་འཇིག་རྟེན་གྱི་གསེར་འདི་བརླག་པ་བདེན་ནམ

སྒེའུ་ཁུང་གི་ཕྱི་རོལ་སྔོ་ལྗང་དུ་མངོན་ཡང

དེ་ཡི་ཕྱི་རོལ་ད་དུང་སྔོ་ལྗང་ཡིན་ནམ་བྱེ་མའི་རླུང་འཚུབ་ཡིན

སེར་པོའི་ཁ་དོག་རིགས་ཤིག་དང་དེ་ཡིས་མཚོན་ཐུབ་པའི་ངོ་བོ

ཁྱོད་ཀྱི་གོམ་སྒྲ་ལ་སྙིང་རྗེ་དང་བདག་སྐྱོང་མེད་པ་ཨེ་ཡིན

ཆུ་ཐིགས་གཅིག་མར་ལྷུང་བའི་སྐད་ཅིག་འདིར

ཁྱོད་དང་གཏན་དུ་གྱེས་སོང་བ་ལ་ཁ་གྲངས་ལེན་དགོས་སམ

ཁྱོད་རང་གཉིད་ནས་སླར་ཡང་སད་ཀྱིན་ཡོད་པ་བདེན་ཡང

ཕྱིར་མིག་གི་ཁྲོད་དུ་ཁྱོད་ནི་ལག་དམར་པ་ངོ་མ་ཞིག

ཁ་བ་འབབ་ཀྱིན་ཡོད་ལ་རླུང་འཚུབ་གཡུག་གིན་འདུག

ལོ་མ་འཐོར་གྱིན་ཡོད་ལ་སུ་ཞིག་གི་ངུ་ངག་ཀྱང་གྱེར་གྱིན་འདུག

གསེར་གྱི་ལྭ་བ་གྱོན་པའི་ཁྱོད་རང་གྲང་ངམ

གསེར་གྱི་ཁུ་བ་འཐུང་བའི་ཁོ་མོ་ལྟོགས་སམ

གསེར་གྱི་ཁ་དོག་དང་གསེར་གྱི་ཆང་ཁང

གསེར་གྱི་ཕོ་བྲང་དང་གསེར་གྱི་ལག་པ

གསེར་འདིའི་ངོ་སོ་ཡར་ལ་བསྟོད

གསེར་ལ་དགའ་བའི་ཁྱོད་ཀྱི་ཧམ་པ་ཕམ་པར་རྒྱོབས

གསེར་འདིའི་འོད་ཟེར་གཟིམས་སོང་བའི་མཚན་མོ་འདིར

ཁྱོད་ཀྱི་ལྕེབས་ཐག་གི་ཨ་ལོང་གསེར་གྱིས་གྲུབ་པ་ཡིན་ནམ

སེར་པོ   མིག་ཟུང་གིས་མཐོང་བའི་ཁ་དོག་ཙམ

སེར་པོ   ཁྱོད་རང་དགའ་མྱོང་བའི་བུ་མོ་དེའི་རྒས་གཉེར

སེར་པོ   ད་ལྟ་རླུང་གིས་ཁུར་འགྲོ་བའི་ཤོག་བུ་ཞིག

སེར་པོ   སེར་པོ་གསེར

ཁྱོད་རང་བརྩེ་དུངས་ལ་འགལ་བའི་ཡིག་འབྲུ་གཉིས

              སྤྱི་ལོ༢༠༠༩ལོའི་ཟླ༡༠བའི་ཚེས༡༨ཉིན་རྫོགས་སོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེར་བོ་གསེར།

2010-04-21 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།