བརྩེ་དུང་གི་མེ་ཏོག་སྣ་ཚོཌ་ཚོམ་བུ་བརྒྱ་ཕྲག་གིས་ཐཌ་སུ་བྲེས་འདུག
དྭངས་ཤིག་གི་མཚེའུ་དེའི་མཁའ་ངོགས་སུ།
རྨི་ལམ་གྱི་ངང་མོ་ཟུང་དལ་གྱིས་རྐྱལ་དུས།
རང་ཉིད་འཚོ་སའི་ཡུལ་ལྗོངས་ཀྱི་མཐའ་སྐོར་གང་སར།
བརྩེ་དུང་གི་མེ་ཏོག་སྣ་ཚོགས་ཚོམ་བུ་བརྒྱ་ཕྲག་གིས་ཐགས་སུ་བྲེས་འདུག
དབྱར་གཞུང་གི་མཁའ་དབུགས་བསིལ་འཇམ།
གྲུ་ཆར་གྱི་རོལ་དབྱངས་དང་ལྷན་དུ་ངའི་སེམས་ཚལ་ན་ནམ་རྒྱུན་བབས་ཤིང༌།
ཟླ་གཞོན་འཛུམ་པའི་མཚན་ལྗོངས་དེའི་དབེན་འཇགས་ཁྲོད།
འུ་གཉིས་ཁོ་ནའི་སྙིང་གཏམ་ལས།
སྒྲ་དབྱངས་འཁྱིལ་བའི་གླུ་ངག་ཅིག་ཡོད་རེ་སྐན།
ལང་ཚོས་བསྙལ་བའི་དུས་ཚིགས་ཀྱི་མངར་ཁུ།
ཞེན་བརྩེ་འམ། དང་འདུན་ཟབ་མོའི་ཕྱག་རྒྱས་གཙང་དག་ཏུ་བཏུང་སྐབས།
ཁ་བའི་འཕྱོ་ཚུལ་ལས་དམར་བའི་ཁྱོད་ཀྱི་འགྲོས་ཆུང༌།
འཇོ་སྒེག་གི་སྟངས་སྟབས་བསྒྱུར་ཀྱིན།
ངའི་རྣམ་དག་གི་བྱང་ཐང་ཐོལ་གྱིས་གྲོལ།
དེ་ནས་བཟུང༌། བཤད་སྲོལ་དང་མཚར་གཏམ་མོད་པའི་འཇིག་རྟེན་འདིར།
སེམས་པའི་སྣེ་མོར་སེམས་པ་མཐུད་པའི་ཟིལ་ཤུགས་དང༌།
བརྩེ་བའི་ཁོང་དུ་དུངས་སྙིང་འཕར་བའི་ཏིག་སྒྲ་ལས་ལྷག་མེད་ན།
ཉི་འོད་དང་འཇའ་ཚོན་གྱིས་བཀྲུས་པའི་སྐྲ་ལོའི་རྦབ་རྐང་དེ་སླ་ཞོར།
འུ་གཉིས་ཁོ་ནས། བརྩེ་དུང་གི་རྒྱལ་ཁམས་བག་ལྷོད་དུ་འགྲིམས་ཆོག
རྩོམ་ཁུངས། ངེད་དྲ་བ།