ལུང་པ་བྱང་འཁོར་གྱི་གཏམ་རྒྱུད།
ལུང་པ་བྱང་འཁོར་གྱི་སྤྱང་ཀི་ནག་པོ། ཕོ་རོག་ཅིག་གིས་བསད་སོང༌། ཉིན་འགའ་འགོར་རྗེས། གྲོད་ཁོག་སྟོང་བའི་ཕོ་རོག་དེ་ཡང༌། ཕྱེ་མ་ལེབ་དཀར་པོ་ཞིག་གིས་བཟས་སོང༌། གློ་བུར་དུ། ཕྱེ་མ་ལེབ་ཁྱུང་ཆེན་དུ་ལོག་ནས། རི་རྩེ་ནས་རྦབ་རྡོ་བཞིན་འགྲིལ་སོང༌། དེའི་རྗེས་སུ། ཐ་མག་འཐེན་པའི་གྲོག་སྦུར་ཞིག་གིས། ཁྱུང་ཆེན་ཁུར་ནས་ལུང་པ་བྱང་འཁོར་དུ་ཆས་སོང༌།
རྩོམ་ཁུངས། ངེད་དྲ་བ།