སྤུན་ཟླ་ལགས།

_ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུ།

རླུང་འཚུབ་ལྡང་ནས་ངའི་ལག་པས་མིག་ཟུང་འགེབས་དགོས་བྱུང་།

རྡིབ་ཉིལ་གྱི་གྱང་ཆག་ཁྲོད་དུ་ཚེ་སྲོག་གི་སྒྲོན་མེ་འཐིམ་གྱུར་ནས།

ངས་ཇི་ལྟར་བཙལ་ཡང་ཁྱེད་ཉིད་རྙེད་མ་བྱུང་།

ཁྱེད་ཀྱི་དགོད་སྒྲ་ངའི་ཐོས་འཛིན་གྱི་ལམ་ན་ལྷང་ལྷང་།

ཁྱེད་ཀྱི་འཛུམ་མདངས་ངའི་མིག་ཟུང་གི་གཞི་ན་མུལ་མུལ།

ལག་པ་བསྲིངས་ཚེ། ང་ཡི་སྤུན་ཟླ་ཨ།

ཁྱེད་ཉིད་འཇའ་ཚོན་བཞིན་གང་དུ་ཞོགས་སོང་ཡལ་སོང་འཐིམ་སོང་།

ང་སྐྱེ་རྒུ་མདོའི་ཁ་བའི་ཁྲོད་འགྲེང་ནས།

ཁྱེད་ནི་ངའི་མཁུར་མགོར་འགྲིལ་བའི་མིག་ཆུ་རྡོག་དེ་ཡིན་ནམ།

ཉིན་མཚན་རེ་རེ་རྟ་མཆོག་གི་འགྲོས་བཞིན་རྒྱུག་ལ།

བདག་གི་བྲེལ་འཚུབ་ཀྱི་ཟུངས་ཁྲག་དྲག་ཏུ་འཁོལ་བར་བྱེད།

ཁྱེད་ཀྱིས་གློ་བུར་དུ་ལྦེ་ཞེས་ང་མི་འབོད་དོན་ཅི།

ཁྱེད་ཀྱི་ལག་ཟུང་གིས་ངའི་མིག་ཟུང་བཀབ་ནས།

ཁྱེད་ཉིད་སུ་ཡིན་ང་ལ་འོལ་ཚོད་བྱེད་དུ་མི་འཇུག་དོན་ཅི།

ཀྱེ། གཉིད་ནས་མ་འདུག་ཡ།

ཁྱེད་ཉིད་སྐྱེ་རྒུ་མདོའི་གྱང་ཟུར་ཞིག་ནས་གློ་བུར་དུ་མངོན་པར་ཞུ།

བདག་གིས་ས་རྡུལ་འཚུབ་པའི་མདུན་ཕྱོགས་ཀྱི་ལམ་སྣེ་དེ་མཐོང་ཞིང་།

འོ་དོད་འབོད་པའི་མྱ་ངན་གྱི་སྐད་སྒྲ་ཐོས་འཛིན་ལམ་དུ་རྒྱུ།

དཀོན་མཆོག་ལགས། རྡིབ་ཉིལ་ཆག་རུལ་གྱི་གསེང་འདི་ནས།

ཁོ་ཚོ་ཁྱེད་ལ་འཐམ་འཁྱུད་བྱེད་དུ་འཇུག་རོགས།

ཁྱེད་ཀྱི་པང་པའི་ཀློང་གི་འཇིག་རྟེན་ནི་ད་གཟོད་ཡངས་ཤིང་རྒྱ་ཆེ་ལ།

ཁྱེད་ཀྱི་དཀྱིལ་འཁོར་གྱི་ཉི་འོད་ནི་ད་གཟོད་དེ་འདྲའི་དྲོ་ཞིང་འཇམ།

ས་སྲོས་ཀྱི་སྤྲིན་རིམ་དམའ་ཞིང་སྟུག་པས།

དེ་ཡི་ནང་ནས་འབྲུག་གྲགས་གློག་འཁྱུག་བྱེད་སྲིད་དམ།

འོད་སྣང་གི་རྦ་རླབས་འཕྱུར་ཞིང་གཡོ་བས།

སྤུན་ཟླ་ཁྱེད་སླར་ཡང་མཐོང་སྲིད་དམ།

མི་རྣམས་ཁུ་སིམ་མེ་ཉིད་དུ་རྒྱུ་ནའང་།

བདག་གི་རྨི་ལམ་གྱི་ངོགས་སུ་རྒྱུ་བའི་ཁྱེད་ཉིད།

བདག་གི་སྙིང་དེ་ཚལ་བ་བརྒྱད་དུ་གས་སོང་བཤགས་སོང་ཐད་སོང་།

སྤུན་ཟླ་ཨ། མཐོང་མེད་རེག་མེད་ཀྱི་ལྷ་རུ་གྱུར་བའི་བདག་གི་སྤུན་ཟླ་ཁྱེད།

ཁྱེད་ཀྱི་སྤྱན་ཟུང་གིས་ང་རང་འཚོལ་བཞིན་ཡོད་དམ།

ངའི་ལག་ཟུང་གིས་མཆོད་མེ་བཏེགས་ནས་ཁྱེད་ཀྱི་ཕྱོགས་སུ་བཅར་ཞིང་།

མི་ཚེ་གང་བོའི་རེ་བ་ཉག་ཅིག་ཀྱང་།

ངས་རྡོག་ཁྲེས་འཁུར་ནས་འབའ་ཐང་ལ་ལོག་རྒྱུ་དེ་མ་ཡིན་པར།

གནས་འདི་ནས་ཁྱེད་རང་འཚོལ་དགོས་པ་དེ་མ་ཡིན་ནམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤུན་ཟླ་ལགས།

2010-05-25 ཤ་བོ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།