མིག་ཆུ་རྡོག་གཅིག་གིས་སྐྱེལ་མ།

༤པའི་ཚེས༡༤ཡི་ཡུལ་ཤུལ་གྱི་སྤུན་ཟླ་དག་ལ་མྱ་ངན་དུ།

 

ཕ་ས་ཕ་ཡུལ་གྱི་སྤུན་ཟླ་ལགས།

རང་བྱུང་གི་འཇིགས་པས་ཁང་ཁྱིམ་གཏོར་ནའང་།

ང་ཚོའི་སེམས་པ་ནམ་ཡང་གཏོར་མི་ནུས།

ང་ཚོའི་སྤོབས་པ་ནམ་ཡང་འཇིག་མི་ནུས།

 

ས་ཡོམ་ཐེངས་ཤིག་གིས། མི་ཚོགས་འུར་ཟིང་ལ་བསྒྱུར་ཅིང་འཇིག་རྟེན་འཇིག་རྟེན་དུ་ངེས་ཤེས་བྱུང་།

ངའི་ཕུ་ནུ་མིང་སྲིང་ཚོའི་མིག་མཐའ་རུ།

བཅོས་མ་མ་ཡིན་པའི་མཆི་མ་ཞིག་འཁྱིལ་ཞིང་།

སྐྱོ་སྡུག་གི་རྨ་ཁ་ཇེ་ཆེར་བཞག

 

གོད་ཆག་གིས་བསྐྱལ་བའི་ངི་ཕ་ས་ཕ་ཡུལ།  ངའི་ནང་མི་སྤུན་ཟླ།

ཁྱོད་ཚོ་ལ་ལྷག་བསམ་གྱི་ཕྱག་ཟུང་བརྐྱངས་མཁན་དང་སྐྱིད་སྡུག་མཉམ་ཁུར་བྱེད་མཁན་ནི་ང་ཚོ་ཡིན་ལ།

ཡིག་དྲུག་གི་བསྔོ་སྨོན་མཛོད་མཁན་ཡང་ཡང་ང་ཚོ་ཡིན།

 

བར་ཆད་ཐེངས་གཅིག་གིས་ང་ཚོའི་བློ་ཅི་ལ་ཕམ།

ང་ཚོ་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད་ལ།

འུ་ཅག་ནམ་ཡང་ཁྱིམ་ཚང་གཅིག་གི་ཡིན།

འུ་ཅག་གི་གཞིས་ཁྱིམ་ལ་ནམ་ཡང་དྲོད་ཁོལ་འཛོམས་ཡོད།

 

བཞུད་ཟིན་པའི་སྤུན་ཟླ་ལགས།

ང་ཚོས་ཁྱེད་ལ་མྱ་ངན་གྱི་མ་ཎི་འདོན་བཞིན་ཡོད།

མཆོད་མེ་རྐང་གཅིག་གི་འོད་སྣང་སྒྲོན་བཞིན་ཡོད།

མིག་ཆུ་རྡོག་གཅིག་གི་སྐྱེལ་མ་ཞུ་བཞིན་ཡོད།

 

ལས་དང་དབང་ཐང་གཅིག་པའི་སྤུན་ཟླ་ལགས།

མ་འོངས་མདུན་ལམ་གཅིག་པའི་ཡུལ་ཤུལ་ལགས།

སྐད་ཡིག་གཅིག་ལ་གོམས་པའི་ཕུ་ནུ་མིང་སྲིང་ཚོས།

ཁྱེད་ཅག་ལ་ཐུགས་འཁུར་མཛད་བཞིན་ཡོད།

ཁྱེད་ཅག་ལ་རོགས་སྐྱོར་བྱེད་བཞིན་ཡོད།

 

མུ་མཐུད་དུ་མདུན་སྐྱོད་བྱོས་དང་། ཡུལ་ཤུལ་གྱི་སྤུན་ཟླ་ལགས།

ང་ཚོ་ཚང་མ་ནམ་ཡང་གངས་རིའི་རྒྱུད་འཛིན་ཡིན།

ང་ཚོ་ཚང་མ་ནམ་ཡང་བཙན་པོའི་གདུང་རྒྱུད་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུ་རྡོག་གཅིག་གིས་སྐྱེལ་མ།

2010-05-25 ཨ་འཁོར། ཀློག་གྲངས། མཆན ཡོད།

༤པའི་ཚེས༡༤ཡི་ཡུལ་ཤུལ་གྱི་སྤུན་ཟླ་དག་ལ་མྱ་ངན་དུ།

 

ཕ་ས་ཕ་ཡུལ་གྱི་སྤུན་ཟླ་ལགས།

རང་བྱུང་གི་འཇིགས་པས་ཁང་ཁྱིམ་གཏོར་ནའང་།

ང་ཚོའི་སེམས་པ་ནམ་ཡང་གཏོར་མི་ནུས།

ང་ཚོའི་སྤོབས་པ་ནམ་ཡང་འཇིག་མི་ནུས།

 

ས་ཡོམ་ཐེངས་ཤིག་གིས། མི་ཚོགས་འུར་ཟིང་ལ་བསྒྱུར་ཅིང་འཇིག་རྟེན་འཇིག་རྟེན་དུ་ངེས་ཤེས་བྱུང་།

ངའི་ཕུ་ནུ་མིང་སྲིང་ཚོའི་མིག་མཐའ་རུ།

བཅོས་མ་མ་ཡིན་པའི་མཆི་མ་ཞིག་འཁྱིལ་ཞིང་།

སྐྱོ་སྡུག་གི་རྨ་ཁ་ཇེ་ཆེར་བཞག

 

གོད་ཆག་གིས་བསྐྱལ་བའི་ངི་ཕ་ས་ཕ་ཡུལ།  ངའི་ནང་མི་སྤུན་ཟླ།

ཁྱོད་ཚོ་ལ་ལྷག་བསམ་གྱི་ཕྱག་ཟུང་བརྐྱངས་མཁན་དང་སྐྱིད་སྡུག་མཉམ་ཁུར་བྱེད་མཁན་ནི་ང་ཚོ་ཡིན་ལ།

ཡིག་དྲུག་གི་བསྔོ་སྨོན་མཛོད་མཁན་ཡང་ཡང་ང་ཚོ་ཡིན།

 

བར་ཆད་ཐེངས་གཅིག་གིས་ང་ཚོའི་བློ་ཅི་ལ་ཕམ།

ང་ཚོ་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད་ལ།

འུ་ཅག་ནམ་ཡང་ཁྱིམ་ཚང་གཅིག་གི་ཡིན།

འུ་ཅག་གི་གཞིས་ཁྱིམ་ལ་ནམ་ཡང་དྲོད་ཁོལ་འཛོམས་ཡོད།

 

བཞུད་ཟིན་པའི་སྤུན་ཟླ་ལགས།

ང་ཚོས་ཁྱེད་ལ་མྱ་ངན་གྱི་མ་ཎི་འདོན་བཞིན་ཡོད།

མཆོད་མེ་རྐང་གཅིག་གི་འོད་སྣང་སྒྲོན་བཞིན་ཡོད།

མིག་ཆུ་རྡོག་གཅིག་གི་སྐྱེལ་མ་ཞུ་བཞིན་ཡོད།

 

ལས་དང་དབང་ཐང་གཅིག་པའི་སྤུན་ཟླ་ལགས།

མ་འོངས་མདུན་ལམ་གཅིག་པའི་ཡུལ་ཤུལ་ལགས།

སྐད་ཡིག་གཅིག་ལ་གོམས་པའི་ཕུ་ནུ་མིང་སྲིང་ཚོས།

ཁྱེད་ཅག་ལ་ཐུགས་འཁུར་མཛད་བཞིན་ཡོད།

ཁྱེད་ཅག་ལ་རོགས་སྐྱོར་བྱེད་བཞིན་ཡོད།

 

མུ་མཐུད་དུ་མདུན་སྐྱོད་བྱོས་དང་། ཡུལ་ཤུལ་གྱི་སྤུན་ཟླ་ལགས།

ང་ཚོ་ཚང་མ་ནམ་ཡང་གངས་རིའི་རྒྱུད་འཛིན་ཡིན།

ང་ཚོ་ཚང་མ་ནམ་ཡང་བཙན་པོའི་གདུང་རྒྱུད་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།