གྲོགས་ལ་ཕུལ་བའི་ལོ་སར་གྱི་ལེགས་སྐྱེས།

སྙན་ངག་དེ་གནའ་སྔ་མོའི་གཏམ་རྒྱུད་ཅིག་ཡིན

ངས་གནའ་སྔ་མོ་སྙིང་དུ་བསྐྱིལ་ཡོད

ཁྱོད་ལ་ཕུལ་བ་ནི་སྙིང་གི་བཞུར་རྒྱུན་དེ་ཡིན

དེ་ནི་རླུང་གིས་མི་གཡོ་བའི་སེམས་པ་ཞིག

རྡོ་བ་ལྟ་བུའི་རང་ཚུགས་ཤིག

 

ཁ་དག་ནི་ཁ་ཡག་ཚོའི་སོ་ལྟར་དཀར་བས

བླ་མ་མེད་ས་ནས་ཞོ་ལྟར་བཞུར་འགྲོ

འཇིག་རྟེན་འདིའི་འགྲོན་པོ་ཡོད་ཚད་ལམ་ལ་བརྩོན

ལམ་ལ་མི་སྐྲག་པའི་མགྲོན་པོ་སུ་ཞིག

གྲོགས་པོ་ལགས

ངའི་སྙན་ངག་རྫ་ཙིག་གཏམ་རྒྱུད་མིན

ཁ་དག་དཀར་པོ་མིན

 

རྒྱལ་ལོའི་ཚེས་གཅིག་ལ

ང་རང་ར་བཟི་སོང

ར་བཟི་རྗེས་གཏམ་བཤད་དགོས

ཕོ་རབ་ཅིག་ཡིན་ན

གྲོགས་ལ་སྙིང་གཏམ་གྱེར་འདོན་བྱ་དགོས

ངོ་གདོང་གི་འཛུམ་མདངས་མ་མཐོང་ཡང

སེམས་ཁོང་གི་གཏམ་རྒྱུད་བཤད་དགོས                                         

                                                   ལོ་སར་ཚེས་གཅིག

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་ལ་ཕུལ་བའི་ལོ་སར་གྱི་ལེགས་སྐྱེས།

2010-05-13 མ་སངས་མཁའ་འགྲོ། ཀློག་གྲངས། མཆན ཡོད།

སྙན་ངག་དེ་གནའ་སྔ་མོའི་གཏམ་རྒྱུད་ཅིག་ཡིན

ངས་གནའ་སྔ་མོ་སྙིང་དུ་བསྐྱིལ་ཡོད

ཁྱོད་ལ་ཕུལ་བ་ནི་སྙིང་གི་བཞུར་རྒྱུན་དེ་ཡིན

དེ་ནི་རླུང་གིས་མི་གཡོ་བའི་སེམས་པ་ཞིག

རྡོ་བ་ལྟ་བུའི་རང་ཚུགས་ཤིག

 

ཁ་དག་ནི་ཁ་ཡག་ཚོའི་སོ་ལྟར་དཀར་བས

བླ་མ་མེད་ས་ནས་ཞོ་ལྟར་བཞུར་འགྲོ

འཇིག་རྟེན་འདིའི་འགྲོན་པོ་ཡོད་ཚད་ལམ་ལ་བརྩོན

ལམ་ལ་མི་སྐྲག་པའི་མགྲོན་པོ་སུ་ཞིག

གྲོགས་པོ་ལགས

ངའི་སྙན་ངག་རྫ་ཙིག་གཏམ་རྒྱུད་མིན

ཁ་དག་དཀར་པོ་མིན

 

རྒྱལ་ལོའི་ཚེས་གཅིག་ལ

ང་རང་ར་བཟི་སོང

ར་བཟི་རྗེས་གཏམ་བཤད་དགོས

ཕོ་རབ་ཅིག་ཡིན་ན

གྲོགས་ལ་སྙིང་གཏམ་གྱེར་འདོན་བྱ་དགོས

ངོ་གདོང་གི་འཛུམ་མདངས་མ་མཐོང་ཡང

སེམས་ཁོང་གི་གཏམ་རྒྱུད་བཤད་དགོས                                         

                                                   ལོ་སར་ཚེས་གཅིག

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།