ལོ་འདིའི་མཐའ་མཇུག་གི་སྙན་ངག

རྨི་ལམ་ནང་།

ངས་རང་གི་བླ་རྐང་དྲག་ཏུ་འབུད་བཞིན་འདུག

བླ་རྐང་ལས་འཕུར་བའི་སྒྲ་དབྱངས་གྱ་གྱུ་མ་དེའི་ཀློང་དུ།

མཁའ་མགྲོ་མ་དང་བྱ་རྒོད་ཁ་བ་འབབ་འབབ་བྱེད་བཞིན་འདུག

 

གཉིད་ལས་སད་དུས།

ཡིག་སྐྱེལ་བ་ཞིག་གིས་ང་ལ་འཕྲིན་ཡིག་ཅིག་གཏད་བྱུང་ལ།

ཡིག་སྐོགས་ཁ་ཕྱེ་མ་ཐག

ཕ་ལམ་གྱི་ཕྲ་རྒྱན་སྤྲས་པའི་གསེར་གྱི་ཚིགས་ཁེབས་ཤིག་ས་རུ་ཐག་གེར་ལྷུང་སོང་།

 

ལོ་ངོ་གཅིག་རྫོགས་ལ་ཉེ་བའི་དགོང་མོ་འདིར།

ངའི་མི་ཚེ་ཕྱེད་ཀའི་རིང་གི་དོན་དག་གལ་ཆེན་གཉིས་ཏེ།

ང་རང་བྱིས་པ་ཡིན་དུས་ཀྱི་དགུན་ཁའི་ཉིན་ཞིག

ཕ་རྒན་གྱིས་ངའི་རྣ་ལམ་དུ་ཨ་སྟག་ལྷ་མོའི་དམྱལ་སྒྲུང་ཀློག་དོན་ངས་ད་ལྟ་ཡང་མ་ཤེས་ལ།

ང་རང་དར་མ་ཡིན་དུས་ཀྱི་དགུན་ཁའི་ཉིན་ཞིག

བླ་མས་ངའི་མགོ་ཐོག་ཏུ་ཁོང་གི་ཕྱག་ཟུང་དྲོན་མོས་བྱིལ་བྱིལ་གནང་དོན་ཡང་ངས་ད་དུང་རྟོགས་མ་བྱུང་།

 

ད་ལྟ།

ངའི་ཨ་མ་རྒྱང་རིང་དུ་སྦྲ་ནག་ཁེར་འཁྱར་ཞིག་གི་ནང་དུ་ལུས་ཡོད་ཅིང་།

ད་ལྟ།

ངའི་བླ་མ་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་གཤེགས་ནས་ལོ་ཟླ་དུ་མ་འགོར་བས།

ངས།

རང་གི་མ་འོངས་པའི་མདུན་ལམ་སུ་ལ་འདྲི།

ངས།

རང་གི་མ་འོངས་པའི་ལུང་བསྟན་སུ་ལ་ཞུ།

 

ཆུང་འདྲིས་བྱམས་པ་དང་རྒུན་ཆང་དམར་པོ་སོགས།

ངའི་སྙན་ངག་གི་བརྗོད་བྱ་ཡོད་ཚད་ཀྱང་།

ད་ལྟ་མི་རྟག་པའི་ཀློང་དུ་འཐིམ་ལ་ཉེ་ཞིང་།

ངའི་ཤ་ཁྲག་དང་རུས་པ།

ཐ་ན་སེམས་དང་སེམས་ཀྱི་ཆོས་ཉིད་སོགས་ཀྱང་།

དུས་ཚོད་དང་བར་སྣང་གི་གོ་ས་ལས་ཡོངས་སུ་བརྒལ་ཏེ།

མི་རྟག་པའི་ཀློང་དུ་འཇིག་ལ་ཉེ།

ཡོད་ཚད་ཀྱི་མཐའ་མཇུག་གི་གནས་ལུགས་ཇི་བཞིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་འདིའི་མཐའ་མཇུག་གི་སྙན་ངག

2010-05-13 ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

རྨི་ལམ་ནང་།

ངས་རང་གི་བླ་རྐང་དྲག་ཏུ་འབུད་བཞིན་འདུག

བླ་རྐང་ལས་འཕུར་བའི་སྒྲ་དབྱངས་གྱ་གྱུ་མ་དེའི་ཀློང་དུ།

མཁའ་མགྲོ་མ་དང་བྱ་རྒོད་ཁ་བ་འབབ་འབབ་བྱེད་བཞིན་འདུག

 

གཉིད་ལས་སད་དུས།

ཡིག་སྐྱེལ་བ་ཞིག་གིས་ང་ལ་འཕྲིན་ཡིག་ཅིག་གཏད་བྱུང་ལ།

ཡིག་སྐོགས་ཁ་ཕྱེ་མ་ཐག

ཕ་ལམ་གྱི་ཕྲ་རྒྱན་སྤྲས་པའི་གསེར་གྱི་ཚིགས་ཁེབས་ཤིག་ས་རུ་ཐག་གེར་ལྷུང་སོང་།

 

ལོ་ངོ་གཅིག་རྫོགས་ལ་ཉེ་བའི་དགོང་མོ་འདིར།

ངའི་མི་ཚེ་ཕྱེད་ཀའི་རིང་གི་དོན་དག་གལ་ཆེན་གཉིས་ཏེ།

ང་རང་བྱིས་པ་ཡིན་དུས་ཀྱི་དགུན་ཁའི་ཉིན་ཞིག

ཕ་རྒན་གྱིས་ངའི་རྣ་ལམ་དུ་ཨ་སྟག་ལྷ་མོའི་དམྱལ་སྒྲུང་ཀློག་དོན་ངས་ད་ལྟ་ཡང་མ་ཤེས་ལ།

ང་རང་དར་མ་ཡིན་དུས་ཀྱི་དགུན་ཁའི་ཉིན་ཞིག

བླ་མས་ངའི་མགོ་ཐོག་ཏུ་ཁོང་གི་ཕྱག་ཟུང་དྲོན་མོས་བྱིལ་བྱིལ་གནང་དོན་ཡང་ངས་ད་དུང་རྟོགས་མ་བྱུང་།

 

ད་ལྟ།

ངའི་ཨ་མ་རྒྱང་རིང་དུ་སྦྲ་ནག་ཁེར་འཁྱར་ཞིག་གི་ནང་དུ་ལུས་ཡོད་ཅིང་།

ད་ལྟ།

ངའི་བླ་མ་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་གཤེགས་ནས་ལོ་ཟླ་དུ་མ་འགོར་བས།

ངས།

རང་གི་མ་འོངས་པའི་མདུན་ལམ་སུ་ལ་འདྲི།

ངས།

རང་གི་མ་འོངས་པའི་ལུང་བསྟན་སུ་ལ་ཞུ།

 

ཆུང་འདྲིས་བྱམས་པ་དང་རྒུན་ཆང་དམར་པོ་སོགས།

ངའི་སྙན་ངག་གི་བརྗོད་བྱ་ཡོད་ཚད་ཀྱང་།

ད་ལྟ་མི་རྟག་པའི་ཀློང་དུ་འཐིམ་ལ་ཉེ་ཞིང་།

ངའི་ཤ་ཁྲག་དང་རུས་པ།

ཐ་ན་སེམས་དང་སེམས་ཀྱི་ཆོས་ཉིད་སོགས་ཀྱང་།

དུས་ཚོད་དང་བར་སྣང་གི་གོ་ས་ལས་ཡོངས་སུ་བརྒལ་ཏེ།

མི་རྟག་པའི་ཀློང་དུ་འཇིག་ལ་ཉེ།

ཡོད་ཚད་ཀྱི་མཐའ་མཇུག་གི་གནས་ལུགས་ཇི་བཞིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།