འབུ་སྐྱོགས་ཤིག་གི་ཆིག་ལབ།

འདུར་རྒྱུགས་མང་བའི་གྲོག་མ་དེ་ཚོར་སུན་པ་ལ།

འཇབ་རྒོལ་ལ་བྱང་བའི་སྡོམ་རྒན་ནག་ལྡང་དེའི་ཞེ་གནག་པ་ལ།

སྐྱག་དྲི་འཐུལ་བའི་སྦྲང་ཐལ་དེ་དག་ལ་སྐྱུག་བྲོ་བ་ལ།

དོན་མེད་དུ་རང་ཤི་རྒྱག་པའི་འབུ་མེ་ལྕེབས་དེ་གླེན་པ་ལ།

ཁོ་ཚོ་དང་བསྡུར་ཚེ།  དུས་ཚོད་བཞིན་འགྲོས་དལ་བའི་འབུ་སྐྱོགས་ང་ཅི་འདྲའི་སྐྱིད་པ་ལ།

 

གཡུ་འབྲུག་མཚན་སྙན་ཆེ་བ་སྟོང་སྐད་བསྒྲགས་པས་ཡིན་ལ།

ཕྱེ་ལེབ་བདའ་མཁན་མང་བ་ཕྱི་ཤུན་མཛེས་པས་ལན།

སེང་གེ་རྒྱལ་བོར་བཀུར་བ་གཏུམ་དྲག་ཆེ་བས་ཡིན་ལ།

ཝ་མོར་གཏམ་རྒྱུད་མང་བ་གཡོ་སྒྱུར་མཁས་པས་ལན།

དེས་ན།  ང་ལ་གྲག་འགུལ་ཉུང་བ་འབུ་སྐྱོགས་ཡིན་པས་ལན་ནམ།

 

ངས་བྱ་ཕོ་བཞིན་གླུ་ལེན་མི་ཤེས་ལ།

སྤྲེའུ་བཞིན་བྲོའང་འཁྲབས་མི་འདོད།

ཁྱོད་ཀྱིས་ང་རང་སྣང་མེད་དུ་བསྐྱུར་བ་བཞིན།

ངའང་གྲུ་ཟུར་དང་ཁུག་ཀྱོག་ཅིག་ནས་ལྷིང་འཇགས་ངང་གནས་འདོད།

 

ང་ལ་མཁའ་དབྱིངས་སུ་འཕུར་རྒྱུའི་རང་དབང་མེད་ན་མེད།

ང་ལ་ས་འོག་ནས་གཉིད་ཆོག་པའི་ལས་སྐལ་མེད་ན་མེད།

ང་ལ་རང་གི་ཤུན་སྐོགས་འདི་གཅིག་བུ་དབང་བས་ཆོག

 

ང་མིའི་རིགས་ཇི་བཞིན།

གསེར་གྱི་རྟགས་མ་དེའི་ཆེད་དུ་ཨོ་རྩལ་རྐང་རྒྱུགས་འགྲན་རྩོད་ལའང་གཏན་ནས་ཞུགས་མི་འདོད།

ང་དུས་གཏན་དུ།  དུས་ཚོད་བཞིན་འགྲོས་དལ་བའི་འབུ་སྐྱོགས་ཤིག་བྱེད་པར་མོས།

                                                                                                    

                                                                     ༢༠༠༩-༡༢-༡༧ལ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབུ་སྐྱོགས་ཤིག་གི་ཆིག་ལབ།

2010-05-13 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

འདུར་རྒྱུགས་མང་བའི་གྲོག་མ་དེ་ཚོར་སུན་པ་ལ།

འཇབ་རྒོལ་ལ་བྱང་བའི་སྡོམ་རྒན་ནག་ལྡང་དེའི་ཞེ་གནག་པ་ལ།

སྐྱག་དྲི་འཐུལ་བའི་སྦྲང་ཐལ་དེ་དག་ལ་སྐྱུག་བྲོ་བ་ལ།

དོན་མེད་དུ་རང་ཤི་རྒྱག་པའི་འབུ་མེ་ལྕེབས་དེ་གླེན་པ་ལ།

ཁོ་ཚོ་དང་བསྡུར་ཚེ།  དུས་ཚོད་བཞིན་འགྲོས་དལ་བའི་འབུ་སྐྱོགས་ང་ཅི་འདྲའི་སྐྱིད་པ་ལ།

 

གཡུ་འབྲུག་མཚན་སྙན་ཆེ་བ་སྟོང་སྐད་བསྒྲགས་པས་ཡིན་ལ།

ཕྱེ་ལེབ་བདའ་མཁན་མང་བ་ཕྱི་ཤུན་མཛེས་པས་ལན།

སེང་གེ་རྒྱལ་བོར་བཀུར་བ་གཏུམ་དྲག་ཆེ་བས་ཡིན་ལ།

ཝ་མོར་གཏམ་རྒྱུད་མང་བ་གཡོ་སྒྱུར་མཁས་པས་ལན།

དེས་ན།  ང་ལ་གྲག་འགུལ་ཉུང་བ་འབུ་སྐྱོགས་ཡིན་པས་ལན་ནམ།

 

ངས་བྱ་ཕོ་བཞིན་གླུ་ལེན་མི་ཤེས་ལ།

སྤྲེའུ་བཞིན་བྲོའང་འཁྲབས་མི་འདོད།

ཁྱོད་ཀྱིས་ང་རང་སྣང་མེད་དུ་བསྐྱུར་བ་བཞིན།

ངའང་གྲུ་ཟུར་དང་ཁུག་ཀྱོག་ཅིག་ནས་ལྷིང་འཇགས་ངང་གནས་འདོད།

 

ང་ལ་མཁའ་དབྱིངས་སུ་འཕུར་རྒྱུའི་རང་དབང་མེད་ན་མེད།

ང་ལ་ས་འོག་ནས་གཉིད་ཆོག་པའི་ལས་སྐལ་མེད་ན་མེད།

ང་ལ་རང་གི་ཤུན་སྐོགས་འདི་གཅིག་བུ་དབང་བས་ཆོག

 

ང་མིའི་རིགས་ཇི་བཞིན།

གསེར་གྱི་རྟགས་མ་དེའི་ཆེད་དུ་ཨོ་རྩལ་རྐང་རྒྱུགས་འགྲན་རྩོད་ལའང་གཏན་ནས་ཞུགས་མི་འདོད།

ང་དུས་གཏན་དུ།  དུས་ཚོད་བཞིན་འགྲོས་དལ་བའི་འབུ་སྐྱོགས་ཤིག་བྱེད་པར་མོས།

                                                                                                    

                                                                     ༢༠༠༩-༡༢-༡༧ལ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།