ཟླ་འོད་ཀྱི་ལག་པ།
སྒོ་མོ་ཕྱེ་བྱུང
སླར་ཡང་བརྒྱབ་སོང
མཛའ་མོ་སོང་ཤུལ་དུ
སེམས་པ་འཁྱམས་སོང
ཟླ་འོད་ཀྱི་ལག་པ
མིག་དང་སྒེའུ་ཁུང་ལ་འཁྱུད་ཚེ
དྲན་རྟེན་དུ་བཞག་པའི་ལག་བྱིའི་ངོས་ནས
སྙིང་ཉེ་བའི་མེ་ཏོག་ཚོ་ཁ་བ་བཞིན་ཐོར
སང་ཉིན་གྱི་གདོང་ལ
ཕྱིར་དྲན་གྱི་མིག་ཆུ་བཞིན་ཐོར
སྒོ་མོ་བརྒྱབ་བྱུང
གྲགས་འགུལ་ཡལ་སོང
ཟླ་འོད་ཀྱི་ལག་པས
བསམ་གཞིགས་སྒུལ་གྱིན
ངའི་བརྩེ་དུང་དང་ཁོ་མོ་ཁྲིད་སོང
༢༠༠༩ལོའི་ཟླ༡༡པའི་ཚེས་༨ཉིན་གྱི་མཚན་མོ།
རྩོམ་ཁུངས། ངེད་དྲ་བ།