མེ་ལོང་གི་མདུན་དུ་ཁྱོད་ནི་ཁྱོད་ཁོ་ན།

གླུ་ལེན་ཤེས་པའི་མི་དེ་དག་དགོད་ཀྱིན་འདུག

ང་ཡི་རྐང་བ་ཡང་ཁྱོད་ཀྱི་མདུན་ལ་སྤོས་ནས

ལོ་ངོ་ཅི་ཙམ་གྱི་ཉིན་ཐོ་དེ་དག་ཕྱིར་དྲན་བྱེད་དུས

རང་ཉིད་ཡང་ཁྱོད་ཀྱི་མེ་ལོང་དུ་ཐེངས་འགར་འཆར་མྱོང་པ་རྟོགས་ཀྱང

མཚན་མོ་དེ་ནས་ཁྱོད་ཀྱི་རྗེས་སུ་འཚང་ཁ་རྒྱག་གིན་ཡོད་པས

གློ་བུར་དུ་སྐར་མདའ་ཡལ་བ་དང་མཉམ་དུ་ང་རང་ཕྱིར་ལ་ཆས

སྐེ་དཀྲིས་ལྗང་སྨུག་ཅིག་གྱོན་པའི་ཁོ་བོ

ད་ལྟ་ང་རང་ཁོ་ནའི་ཞབས་ཞུ་བ་ཡིན་པ་ཤེས་དུས

ཁོས་ཀྱང་ཡིད་ནས་ང་ལ་དམྱལ་བ་བླངས་པ་ཐེ་ཚོམ་མེད་ཀྱང

ཡང་དང་བསྐྱར་དུ་ང་ལ་སྐོར་བ་བྱེད་ཀྱིན་འདུག

མེ་ལོང་དུ་ཆང་ཁང་དེའི་གར་མ་དང་ཤེལ་དམ

ང་ཡི་གམ་དུ་ཡོད་པའི་ཕོར་བ་ཆུང་ཆུང་དེའི་ནང་གི་ཝུ་བ

ད་དུང་ཅི་ཞིག་འཆར་སྲིད་པ་ཡིད་བརྙན་དུ་ཕབས་རྗེས

གློ་ཁུག་ནང་ནས་ཤོག་བུ་ཞིག་འགུལ་བ་ནི་ཁྱོད་ཀྱི་འཕྲིན་པ་ཡིན་ནམ

ལེ་ལོའི་གཞས་ཤིག་རྨི་ལམ་ནང་འཁོར་བྱུང

ཁྱོད་ཀྱིས་བདག་གི་མངའ་ཐང་ལ་འོ་ཞིག་བྱེད་པ་ནི

དོ་ནུབ་གཅིག་པུའི་རི་མོ་འདི་བསུབ་ཆེད་མ་ཡིན་པར

སང་ཉིན་ད་དུང་མི་སྐད་སྨྲ་ཤེས་པའི་སྐྱེ་བ་ཞིག་འཁྲུངས་ཆེད

འོན་ཀྱང    སྐྱ་རེངས་དང་མཉམ་དུ་འགྲོ་བ་ནི

ཁྱོད་ཀྱི་གཙང་བོ་དེའི་ནང་གི་སྦལ་བ

ཡང་ན་རྔ་མ་ཆད་ཀྱིན་པའི་སྦལ་བའི་ཕྲུ་གུ

མགོ་ནས་མཇུག་བར་དུ་ཡིད་ཚིམས་པ་ཞིག་བལྟས་ཡོད

སྲུབས་ངོས་སུ་ཉི་མ་མ་བརྒྱབ་པས་ཡིན་ནམ

ཁ་བས་ད་དུང་ཁྱོད་ཀྱི་ཕྱོགས་སུ་གོམ་པ་མ་སྤོ་ཞེས་བརྗོད་སྐབས

རང་ཉིད་ཀྱི་གྲང་འདར་འདི་ནི་དར་ལྕོག་ལན་པ་ཨེ་ཡིན

དེ་དུས་ཁྱོད་ཀྱིས་ང་ལ་རྒྱང་རིང་ནས་མེ་ལོང་ནང་བལྟས་འདུག

ངས་ཀྱང་སེམས་སུ་ཁྱོད་རང་ཁ་དོག་ལ་སྦྲུམ་བཞིན

ཡང་བསྐྱར་ཆང་ཁང་དེ་རུ་ངལ་གསོ་ལ་རོལ

དགུན་ཁ་ནི་གློ་ལུ་གྲངས་མེད་པ་ཞིག

གློ་ལུ་དེའི་ཁྲོད་ཀྱི་ནད་འབུ་གྲངས་མེད་པ་ཞིག

ནད་འབུ་དེའི་ཁྲོད་ཀྱི་ཚེ་སྲོག་གྲངས་མེད་པ་ཞིག

ཕྲ་མཐོང་མིག་ཤེལ་དེ་བཀོལ་ནས་ཁྱོད་ཀྱིས་ང་ཡི་བོངས་ཚད་འཇལ

སང་ཉིན་གྱི་སང་ཉིན་ངེད་གཉིས་ངོ་འཕྲད་དུས

སང་ལོ་ཡང་དུས་ཚིགས་ཀྱི་འགྱུར་ལྡོག་ལ་བསྒྱུར་དུ་མེད་ཀྱང

སྐབས་དེར་ངས་རླུང་བུ་ལ་སྐད་ཆ་བཤད་ཡོད

ཁྱོད་ཀྱི་ཕྱོགས་སུ་རླུང་རྟ་དང་ལྷན་དུ་སྤུར་ཡོད

ངས་ཀྱང་མེ་ལོང་དེ་ནས་ཁྱོད་ལ་ལྟ་ཤེས་སོང

                 སྤྱི་ལོ༢༠༠༩ལོའི་ཟླ༡༢བའི་ཚེས༡༥ཉིན་ཕ་ཡུལ་ཆུ་ཁ་མ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་གི་མདུན་དུ་ཁྱོད་ནི་ཁྱོད་ཁོ་ན།

2010-05-10 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།